དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་སྡེའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་རེ་བ་ཇི་ལྟར་ཞུ་དགོས།

2024-11-29 09:06:02   |   999

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་རེ་བ་ཞུ་འབུལ་བྱ་ན།  སྤྱི་བཏང་དུ་ཁྱིམ་བདག་གིས་ཁྱིམ་ཐོ་ཡོད་པའི་ས་དེ་གའི་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་ལ་ཞུ་འབུལ་བྱེད་ཆོག  སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར་ཞུ་འབུལ་དེ་དང་ལེན་བྱེད་ཆོག  ཞང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་མངག་བཅོལ་བྱས་འོག  སྡེ་བ་དང་རྩ་འཛུགས་ཀྱི་མགོ་ཁྲིད་འོག  སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཞུ་འབུལ་བྱེད་མཁན་ཁྱིམ་ཚང་གི་གནས་ཚུལ་ལ་བརྟག་དཔྱད་བྱེད་དགོས་པ་དང་།  སྡེ་དམངས་ཚོགས་འདུ་འམ་སྡེ་དམངས་འཐུས་མི་ཚོགས་འདུ་འཚོགས་ནས་དམངས་གཙོ་དཔྱད་མོལ་བྱས་རྗེས་ཐོག་མའི་བསམ་འཆར་བཀོད་ནས་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་ལ་ཞུ་དགོས།  ཞང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ཞིབ་བཤེར་བྱས་རྗེས།  རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་ལ་ཞུས་ནས་ཞིབ་བཤེར་ཆོག་མཆན་འགོད་དགོས།  ཞང(གྲོང་རྡལ)མི་དམངས་སྲིད་གཞུང་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་ཀྱིས་ཞུ་འབུལ་བྱེད་མཁན་ཁྱིམ་ཚང་གི་ཡོང་སྒོ་ལ་ཞིབ་བཤེར་དང་།  ཁོ་ཚོའི་རྒྱུ་ནོར་དང་ངལ་རྩོལ་པའི་གནས་ཚུལ་དང་།  དོན་དམ་གྱི་འཚོ་བའི་ཆུ་ཚད་བཅས་ལ་རྒྱུས་ལོན་བྱེད་དགོས་པ་མ་ཟད།  ད་དུང་སྡེ་དམངས་ཀྱི་དམངས་གཙོ་དཔྱད་མོལ་དང་སྦྲེལ་ནས་ཞིབ་བཤེར་བྱས་པའི་བསམ་འཆར་དང་ཆོག་མཆན་འགོད་མིན་གྱི་བསམ་འཆར་འགོད་དགོས།  སྲོལ་རྒྱུན་ལྟར་ན།  ཞུ་འབུལ་བྱེད་མཁན་གྱིས་དོན་དམ་བདེན་པ་ནས་རང་དང་རང་གི་ཁྱིམ་ཚང་གི་ཡོང་སྒོ་གནས་ཚུལ་ཞུ་དགོས་ལ།  ད་དུང་འབྲེལ་ཡོད་ཞིབ་བཤེར་ལས་ཁུངས་ཀྱིས་གཏན་འབེབས་ལྟར་བརྟག་དཔྱད་བྱེད་པ་ལ་ཡང་ཧུར་ཐག་གིས་མཐུན་རྐྱེན་སྐྲུན་དགོས།  འབྲེལ་ཡོད་ལས་ཁུངས་ཀྱིས་ཀྱང་དུས་ཐོག་ཏུ་ཞིབ་བཤེར་དང་ཆོག་མཆན་འགོད་མིན་གྱི་མཐའ་འབྲས་དེ་ཕྱིར་ཞུ་འབུལ་བྱེད་མཁན་ལ་བཤད་དགོས་ཤིང་།  ཆོག་མཆན་མ་བཀོད་ན་རྒྱུ་མཚན་གསལ་པོར་བཤད་དགོས།  ཞུ་འབུལ་བྱེད་མཁན་གྱི་ཁྱིམ་ཚང་གི་ཡོང་སྒོ་ལ་ཞིབ་རྩིས་བྱེད་དུས།  ཞུ་འབུལ་བྱེད་མཁན་ཁྱིམ་ཚང་ལ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ཐོག་པའི་གཟིགས་སྐྱོང་དངུལ་དང་།  འཆར་ལྡན་བུ་བཙའི་བྱ་དགའ་འམ་རོགས་སྐྱོར་དངུལ།  དེ་མིན་སློབ་གསོ་དང་བདེན་པ་རྒྱབ་ལངས་བཅས་ཀྱི་ཕྱོགས་ནས་ཐོབ་པའི་གཟེངས་བསྟོད་རང་བཞིན་གྱི་ཡོང་སྒོ་དེ་དག་ཁྱིམ་ཚང་གི་ཡོང་སྒོ་ནང་དུ་བརྩི་བ་མིན།  བྱེ་བྲག་གི་ཞིབ་རྩིས་བྱ་ཐབས་དེ་ས་གནས་མི་དམངས་སྲིད་གཞུང་གིས་ཐག་གཅོད་དགོས།


མཉམ་སྤྱོད།