དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་མ་དངུལ་ཇི་ལྟར་དངོས་འབེབ་བྱེད་རྒྱུ།

2024-12-03 08:41:01   |   939

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་ཞེས་བྱ་བ་འདི་ལེགས་པར་བསྒྲུབས་ཏེ། ཀྲུང་དབྱང་གི་ཐབས་ཇུས་དོན་ཐོག་ཏུ་དངོས་སུ་འབབ་པར་བྱས་ན། མ་དངུལ་འབྱུང་ཁྱུངས་ཀྱི་གནད་དོན་ཐག་བཅད་ནས་རིམ་གྱིས་མ་མཐའི་འཚོ་བ་འགན་སྲུང་ནང་རྐྱེན་བརྟན་ཞིང་བརླིང་བ་ཞིག་འཛུགས་རྒྱུ་དེ་ནི་ཧ་ཅང་གལ་ཆེ་བའོ། རྒྱལ་ཁབ་ཀྱིས་མ་མཐའི་འཚོ་བ་འགན་སྲུང་ལག་བསྟར་བྱས་ན། གཙོ་བོ་སྲིད་གཞུང་གི་འགན་ཁུར་མངོན་པར་མཚོན་པ་ཡིན་པས། མ་དངུལ་ཡང་གཙོ་བོ་རིམ་པ་སོ་སོའི་ནོར་སྲིད་ནས་སྤྲོད་པ་ཡིན། ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་མ་དངུལ་གྲབས་གཤོམ་བྱེད་ན་ས་གནས་གཙོ་བོ་ཡིན་པས།  ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་མ་དངུལ་དེ་ནོར་སྲིད་སྔོན་རྩིས་ཀྱི་ནང་དུ་འགོད་དགོས་པ་དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ཇེ་མང་དུ་གཏོང་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་ཀྱིས་འགན་སྲུང་བྱ་ཡུལ་གྱི་མི་གྲངས་གཞིར་བཟུང་ནས་མ་དངུལ་མཁོ་གྲངས་བཏོན་ཐོག རིམ་པ་དེ་གའི་ནོར་སྲིད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་རྗེས་སྔོན་རྩིས་ཀྱི་ནང་དུ་འགོད་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་ནོར་སྲིད་དཀའ་ངལ་ཡོད་པའི་ས་ཁུལ་ལ་ཁ་གསབ་འོས་འཚམས་བྱེད་རྒྱུ། ཀྲུང་དབྱང་གིས་ས་གནས་ལ་ཁ་གསབ་བྱེད་པ་དེ་ནི། ས་གནས་ཀྱིས་མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་འཛུགས་པ་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་ཡོང་ཁུངས་གལ་ཆེན་ཞིག་ཡིན། དེའི་ཕྱིར། འདི་ལྟར་བཤད་ཆོག་སྟེ། ཀྲུང་དབྱང་དང་ས་གནས་གོང་འོག་མཉམ་དུ་བརྩོན་པ་བསྐྱེད་འོག ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་མ་དངུལ་ཡོང་ཁུངས་དང་མ་དངུལ་གྲངས་ཀ་གཉིས་ཀ་ཁག་ཐེག་བྱེད་ཐུབ། དེ་དང་ཆབས་ཅིག་ཏུ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་ལ་ཞལ་འདེབས་དང་དངུལ་རོགས་མཛད་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་རྒྱུ།  

རིམ་པ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ཏེ། མ་དངུལ་དོ་དམ་ལམ་ལུགས་ཚད་ལྡན་དང་འཐུས་ཚང་དུ་བཏང་ནས། ཆེད་དངུལ་ཆེད་སྤྱོད་བྱེད་ཐུབ་པར་ཁག་ཐེག་བྱེད་རྒྱུ། དངུལ་ཁང་དང་སྦྲག་ཁང་དང་། ཡིད་རྟོན་ཁང་ལ་སོགས་པ་བརྒྱུད་ནས་སྤྱི་ཚོགས་ཅན་དུ་མ་མཐའི་འཚོ་བ་འགན་སྲུང་དངུལ་གཏོང་བའི་བྱ་ཐབས་ལག་བསྟར་བྱས་ཐོག རིམ་པ་སོ་སོའི་ནོར་སྲིད་ཀྱིས་བཀོད་སྒྲིག་བྱས་པའི་མ་མཐའི་འཚོ་བ་འགན་སྲུང་དངུལ་དུས་ཐོག་ཏུ་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་གྱི་ལག་ཏུ་ཚང་མ་སྟེར་ཐུབ་པར་ཁག་ཐེག་བྱེད་རྒྱུ།


མཉམ་སྤྱོད།