དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་ཞིང་སྡེའི་འགན་ལེན་ལྔའི་བརྙེན་བཀུར་ཟེར།

2024-12-04 16:15:50   |   945

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

ཞིང་སྡེའི་འགན་ལེན་ལྔའི་བསྙེན་བཀུར་ཞེས་པ་ནི།  གཏན་འབེབས་དང་མཐུན་པའི་ཞིང་སྡེའི་གཞི་པའི་ཟ་མ་དང་།  གྱོན་གོས་དང་སྡོད་ཁང་དང་།  སྨན་བཅོས་དང་།  འདས་སྐྱེལ(དྭ་ཕྲུག་སློབ་གསོ)སོགས་ཀྱི་ཕྱོགས་སུ་འཚོ་བའི་གཟིགས་སྐྱོང་དང་དངོས་པོས་རོགས་སྐྱོར་ལ་སྟོན་པའོ།  

འགན་ལེན་ལྔའི་བསྙེན་བཀུར་བྱེད་སྟངས་ནི་ཁེར་རེ་བསྙེན་བཀུར་དང་གཅིག་བསྡུས་བསྙེན་བཀུར་ཞེས་པའི་རྣམ་པ་གཉིས་སུ་བགྱིས་ཆོག་སྟེ།  ཁེར་རེ་བསྙེན་བཀུར་བྱ་ཡུལ་ལ།  ཞང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་བསྙེན་བཀུར་བྱེད་མཁན་དང་བསྙེན་བཀུར་བྱ་ཡུལ་བར་ལ་གྲོས་མཐུན་བཀོད་ནས་སོ་སོའི་ཁེ་དབང་དང་འོས་འགན་གཏན་དུ་ཕབ་སྟེ།  ཞབས་ཕྱི་འགན་འཁུར་དང་རོགས་སྐྱོར་བྱ་ཐབས་དོན་ཐོག་ཏུ་འབབ་པར་འཇུག་དགོས།  ཕན་བདེ་ཁང་དུ་གཅིག་བསྡུས་བྱས་པའི་བསྙེན་བཀུར་བྱ་ཡུལ་ལ་བསྙེན་བཀུར་ཁང་དུ་ཞུགས་པའི་གྲོས་མཐུན་བཀོད་དེ་འབྲེལ་ཡོད་འགན་འཁུར་དང་འོས་འགན་གསལ་པོ་བྱེད་རྒྱུ།  འགན་ལེན་ལྔའི་བསྙེན་བཀུར་ལ་གཤམ་གྱི་ནང་དོན་དུ་མ་འདུས་ཡོད་དེ།  འབྲུ་དང་གཡིས་དང་འབུད་ཆ་སོགས་མཁོ་སྤྲོད་བྱེད་པ།  གྱོན་གོས་དང་མལ་གཟན་སོགས་སྤྱོད་ཆས་དང་སིལ་དུ་བཀོལ་བའི་སྒོར་མོ་མཁོ་སྤྲོད་བྱེད་པ།  རྩ་བའི་འཚོ་བའི་ཆ་རྐྱེན་དང་མཐུན་པའི་སྡོད་ཁང་མཁོ་སྤྲོད་བྱེད་པ།   ནད་པ་ལ་སྨན་བཅོས་དང་རང་བདག་བྱེད་མི་ཐུབ་པ་ལ་སྙོར་མཁན་ཡོད་དགོས།  ཚེ་འདས་དུར་སྐྱེལ་བྱ་བ་འོས་པོ་སྒྲུབ་དགོས།  གལ་ཏེ་བསྙེན་བཀུར་བྱ་ཡུལ་ནི་སྐྱེ་བོ་ལོ་ན་མ་སོན་པ་ཞིག་ཡིན་ཚེ།  ཁོ་ཚོས་ཁྲིམས་ལྟར་འོས་འགན་སློབ་གསོ་དང་ལེན་བྱེད་པ་འགན་སྲུང་བྱེད་དགོས།


མཉམ་སྤྱོད།