དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་སྡེའི་འགན་ལེན་ལྔའི་བསྙེན་བཀུར་ལོངས་སྤྱོད་ཀྱི་རེ་བ་ཞུ་འབུལ་བྱས་ན་ཆ་རྐྱེན་གང་དག་འཛོམ་དགོས།

2024-12-05 08:59:30   |   749

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

ཞིང་སྡེའི་འགན་ལེན་ལྔའི་བསྙེན་བཀུར་བྱ་ཡུལ་ནི་ཞིང་སྡེའི་རྒན་པ་དང་།  དབང་པོ་སྐྱོན་ཅན་དང་།  སྐྱེ་བོ་ལོ་ན་མ་སོན་པ་རྣམས་ལ་གཤམ་གྱི་ཆ་རྐྱེན་འཛོམ་དགོས་ཏེ།

(1)བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྲི་ཞུའམ།  སྙོར་གསོའམ།  གསོ་སྐྱོང་གི་འོས་མི་མེད་པ་དང་།  ཡང་ན་ཡོད་རུང་སྲི་ཞུའམ།  སྙོར་གསོའམ།  གསོ་སྐྱོང་གི་ནུས་པ་མེད་པ།

(2)ངལ་རྩོལ་གྱི་ནུས་པ་མེད་པ།

(3)འཚོ་རྟེན་ཡོང་ཁུངས་མེད་པ།  བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་སྲི་ཞུའམ།  སྙོར་གསོའམ།  གསོ་སྐྱོང་གི་འོས་མི་ཞེས་པ་ནི།《གཉེན་སྒྲིག་བཅའ་ཁྲིམས》སུ་གཏན་དུ་ཕབ་པའི་སྲི་ཞུའམ།  སྙོར་གསོའམ།  གསོ་སྐྱོང་བྱེད་པའི་འོས་མི་ལ་སྟོན་པའོ།


མཉམ་སྤྱོད།