དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་སྡེའི་སྨན་བཅོས་རོགས་སྐྱོབ་ཇི་ལྟར་བྱེད་རྒྱུ།

2024-12-09 10:32:04   |   773

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


P-1526012-FB2E3636.jpg

ཞིང་སྡེའི་སྨན་བཅོས་རོགས་སྐྱོབ་དེ་དབུལ་ཕོངས་ཞིང་པ་ཁྲོད་ཧ་ཅང་དཀའ་ངལ་ཡོད་པ་དང་འཕྲལ་དུ་སྨན་ཡོན་གཏོང་དགོས་པ་ལ་ལག་བསྟར་བྱེད་མགོ་བརྩམས་པ་དང་།  ད་དུང་དཔལ་འབྱོར་གོང་དུ་འཕེལ་བ་དང་བསྟུན་ནས་ཞིང་སྡེའི་སྨན་བཅོས་སོགས་སྐྱོབ་ལམ་ལུགས་རིམ་གྱིས་འཐུས་ཚང་དུ་གཏོང་རྒྱུ།  ཞིང་སྡེའི་སྨན་བཅོས་རོགས་སྐྱོབ་ལ་གཤམ་ཀྱི་བྱ་ཐབས་ལྟར་ལག་བསྟར་བྱེད་དགོས་ཏེ།

(1)ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་རྣམ་པ་གསར་པ་ལག་བསྟར་བྱེད་བཞིན་པའི་ས་ཁུལ་དུ།  སྨན་བཅོས་རོགས་སྐྱོབ་བྱ་ཡུལ་གྱིས་རང་གི་ཁུར་བའི་སྨན་ཡོད་ཚང་མ་དང་།  ཡང་ན་ཁ་ཤས་དང་།  ས་དེ་གའི་མཉམ་ལས་སྨན་བཅོས་ནང་དུ་ཞུགས་ཡོད་པ་དང་།  མཉམ་ལས་སྨན་བཅོས་ཀྱིས་ཐོབ་ཐང་ལོངས་སྤྱོད་པ་ལ་དངུལ་རོགས་བྱེད་པ་ཡིན།  ནད་ཆེན་པོ་བྱུང་བས་མཉམ་ལས་སྨན་བཅོས་ཀྱིས་ཁ་གསབ་བྱས་རྗེས་ད་དུང་རང་གིས་ཁུར་བའི་སྨན་ཡོན་མང་བས་ཁྱིམ་ཚང་གི་གཞི་རྩའི་འཚོ་བ་ལ་ཤུགས་རྐྱེན་ཐེབས་པ་ན།  ཡང་བསྐྱར་སྨན་བཅོས་རོགས་སྐྱོབ་འོས་འཚམ་བྱེད་རྒྱུ།

(2)རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་དམིགས་བསལ་མགོ་ནད་ཀྱི་སྨན་ཡོན་དེ་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཁ་གསབ་བྱེད་རྒྱུ།  སྨན་བཅོས་རོགས་སྐྱོབ་བྱ་ཡུལ་གྱིས་ལོ་ཡོངས་སུ་སྡོམ་པས་ལོངས་སྤྱོད་པའི་སྨན་བཅོས་རོགས་སྐྱོབ་དངུལ་གྲངས་དེ་རྩ་དོན་ཐོག་ས་དེ་གས་གཏན་འབེབས་བྱས་པའི་སྨན་བཅོས་རོགས་སྐྱོབ་ཚད་གཞི་ལས་བརྒལ་མི་རུང་།  ཆེས་དཀལ་ངལ་ཡོད་པའི་མི་ལ།  སྨན་བཅོས་རོགས་སྐྱོབ་ཀྱི་ཆུ་ཚད་མཐོར་འདེགས་འོས་འཚམ་གཏོང་ཆོག


མཉམ་སྤྱོད།