དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“བྱ་དགས་སྐྱོང་བར་སྐུལ་བའི”སྲིད་ཇུས་ཀྱིས་ཞིང་སྡེའི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་རྩ་དོན་ནི་ཅི་ཞིག་ཡིན།

2024-12-10 15:37:26   |   760

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


“བྱ་དགས་སྐྱོང་བར་སྐུལ་བའི”སྲིད་ཇུས་ལག་བསྟར་བྱེད་པའི་ཁྲོད་གཤམ་གྱི་རྩ་དོན་གསུམ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་དགོས་ཏེ།

(1)ཕན་དམ་པ་གཙིགས་སུ་བཟུང་ནས་ཞིང་པར་ཕན་ཁེ་འཐོབ་པར་འཇུག་དགོས། དམིགས་ས་ཡོད་པའི་སྒོ་ནས་ཞིང་སྡེའི་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་དོན་དམ་དུ་ཇེ་ལེགས་སུ་གཏོང་བ་དང་། ཞིང་པར་ཕན་ཁེ་དངོས་འཐོབ་པར་ཁག་ཐེག་བྱེད་རྒྱུ། དེ་ཡང་ཞིབ་ཏུ་བཤད་ན། ཞིང་པ་ལ་ཕན་ཁེ་ཐོབ་པ་དེ“བྱ་དགས་སྐྱོང་བར་སྐུལ་བའི”སྲིད་ཇུས་ཀྱི་སྙིང་པོར་བྱེད་པ་ཡིན།

(2)སྲིད་གཞུང་གིས་སྣེ་ཁྲིད་དང་ཕྱོགས་སོ་སོས་འགྲོ་སྒོ་གཏོང་བ། ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་འགྲོ་སྒོ་ཇེ་མང་གཏོང་བར་སྐུལ་མ་གཏོང་བ་དང་། སྤྱི་ཚོགས་ཁྲོད་ཀྱི་མ་དངུལ་འགུག་འདྲེན་བྱེད་པ།  ཞིང་པས་དངུལ་སྤྲོད་པ་དང་རྩོལ་བ་ཕྱུང་བ་ལ་སྐུལ་ལྕག་གཏོང་རྒྱུ། དེ་ལྟར་བྱེད་དོན་ནི། མ་དངུལ་གྱི་ཡོང་ཁུངས་རྒྱ་སྐྱེད་པ་ཡིན་ཏེ། མ་དངུལ་ཕྱོགས་སོ་སོ་ནས་ཡོང་བར་བྱེད་པ་ནི“བྱ་དགས་སྐྱོང་བར་སྐུལ་བའི”སྲིད་ཇུས་ཀྱི་ཐབས་ཤིག་ཡིན།

(3)དོ་དམ་ཚད་ལྡན་དུ་གཏོང་བ་དང་། སྦ་གསང་མེད་པར་མངོན་གསལ་དུ་བསྒྲག་པ། རྣམ་གྲངས་དག་ཐེར་གྱི་གཏན་འབེབས་དང་ཕན་འབྲས་ཀྱི་ཞིབ་བཤེར། བྱ་དགའི་མ་དངུལ་གྱི་བཀོལ་ཚུལ་བཅས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་འདུན་པ་ལ་བརྩི་བཀུར་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། འདི་ལྟར་བྱེད་པ་ནི། སྲིད་ཇུས་དེའི་བླང་བྱ་ཡིན་པས་ངེས་པར་དུ་སྦ་གསང་མེད་པར་མངོན་གསལ་དུ་བསྒྲག་དགོས།

རྩ་དོན་འདི་གསུམ་པོ་ལག་བསྟར་ཡང་དག་བྱས་པ་ན། ད་གཟོད་དམིགས་ས་ཡོད་པའི་ཞིང་སྡེའི་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལག་ཏུ་བསྟར་ཐུབ་པ་དང་། ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་དོན་དམ་དུ་ཇེ་ལེགས་སུ་སྒྱུར་ཐུབ། ཞིང་པར་ཕན་ཁེ་དངོས་འཐོབ་པར་ཁག་ཐེག་བྱེད་ཐུབ།


མཉམ་སྤྱོད།