དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

“བྱ་དགས་སྐྱོང་བར་སྐུལ་བའི”སྲིད་ཇུས་ལག་བསྟར་ཇི་ལྟར་བྱེད་རྒྱུ།

2024-12-11 08:45:46   |   107

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


“བྱ་དགས་སྐྱོང་བར་སྐུལ་བའི”སྲིད་ཇུས་ལག་བསྟར་བྱེད་ན།  རྩ་དོན་ཐོག་སྡེ་བ་ནི་གཞི་རྩའི་བདག་སྐྱོང་སྡེ་ཚན་བྱེད་པ་ཡིན།  ཐོག་མར་ཆུ་བོ་ཧོའེ་ཧོ་དང་།  ཆུ་བོ་ཧའེ་ཧོ་དང་།  ཆུ་བོ་ལིའོ་ཧོ་དང་།  མཚེའུ་ཐའེ་ཧུའུ།  མཚེའུ་ཁྲོ་ཧུའུ།  མཚེའུ་ཏེན་ཁྲི།  གཙང་པོ་སུང་ཧྭ་ཅང་།  འགག་གསུམ་ཆུ་མཛོད་ས་ཁུལ་དང་དེའི་སྟོད་རྒྱུད།  ལྷོ་ཆུ་བྱང་འདྲེན་གྱི་ཆུ་ཁུངས་ས་ཁུལ་དང་དེའི་ངོགས་རྒྱུད་སོགས་ཆུའི་སྦགས་བཙོག་སྔོན་འགོག་གཙོ་བོ་བྱེད་ས་འབབ་རྒྱུད་དང་ས་ཁུལ།  དེ་མིན་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བ་གལ་ཆེན་གྱི་རྫོང་ཁྱབ་ཁོངས་ནང་ཁུལ་དུ་མང་ཚོགས་ཀྱི་བསམ་འཆར་ཆེ་ཞིང་ཁོར་ཡུག་གནད་དོན་ལྷང་དུ་བུད་ཡོད་པའི་སྡེ་བ་བཅས་བདག་སྐྱོང་བྱེད་རྒྱུ།  གནད་ས་བཅོས་སྐྱོང་བྱས་པའི་རྨང་གཞི་ཐོག  བདག་སྐྱོང་རྒྱ་ཁྱོན་རིམ་གྱིས་རྒྱ་སྐྱེད་ཚོག  “བྱ་དགས་སྐྱོང་བར་སྐུལ་བའི”སྲིད་ཇུས་ཀྱིས་གཙོ་བོ་ཞིང་སྡེའི་འཐུང་ཆུའི་ཆུ་ཁུངས་ས་ཁུལ་གྱི་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་།  འཚོ་བའི་སྦགས་ཆུ་དང་སྙིགས་རོའི་ཐག་གཅོད་དམ་ཕྱུགས་བྱ་གསོ་སྤེལ་གྱིས་སྦགས་བཙོག  ཞིང་སྡེ་རུ་ལུས་པའི་བཟོ་གཏེར་སྦགས་བཙོག་བདག་སྐྱོང་།  ཕྱེ་ཁུངས་སྦགས་བཙོག་དང་ས་རྒྱུ་སྦགས་བཙོག་སོགས་སྔོན་འགོག་བྱས་ནས་སྡེ་བའི་ཁོར་ཡུག་སྤུས་ཀ་ཇེ་ལེགས་སུ་གཏོང་རྒྱུ།

“བྱ་དགས་སྐྱོང་བར་སྐུལ་བའི”སྲིད་ཇུས་ལག་བསྟར་ཁྱབ་ཁོངས་དང་ནང་དོན་དེ་གོང་དུ་བརྗོད་པ་ལས་ཤེས་ཐུབ་སྟེ།  སྲིད་ཇུས་འདི་ལག་བསྟར་བྱེད་ན།  ཐོག་མར་ཞིང་སྡེའི་ཁོར་ཡུག་གི་གནད་དོན་ལྷང་ངེ་བ་དེ་ཐག་གཅོད་རྒྱུ།  དཔེར་ན་འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་དང་།  འཚོ་བའི་སྦགས་ཆུ་དང་སྙིགས་རོ་བཅས་ཀྱི་ཐག་གཅོད་ལྟ་བུའོ།  དེ་དང་ཆབས་ཅིག་ཏུ།  ཐོག་མར་མུ་མཐུད་དུ་ཁོར་ཡུག་གནད་དོན་ཐག་གཅོད་པའི་ས་ཁུལ་ལ་ཐོག་མར་ལག་བསྟར་བྱེད་རྒྱུ།  དཔེར་ན་སྦགས་བཙོག་སྔོན་འགོག་གནད་ས་འབབ་རྒྱད་དང་ཡུལ་འཁོར་ལྟ་བུའོ།


མཉམ་སྤྱོད།