དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

“བྱ་དགས་སྐྱོང་བར་སྐུལ་བའི”མ་དངུལ་ཡིག་ཐོག་ནས་སྙན་ཞུ་ཇི་ལྟར་ཞུ་དགོས།

2024-12-12 09:56:07   |   106

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


ལོ་རེའི་ལོ་སྟོད་དུ་ཁོར་ཡིག་སྲུང་སྐྱོང་པུ་དང་ནོར་སྲིད་པུའི་འབྲེལ་ཡོད་འཆར་གཞི་དང་ལོ་རེའི་སྔོན་རྩིས་ནང་བཀོད་པའི་གནད་ས་ལྟར།  ལོ་རེའི“བྱ་དགས་སྐྱོང་བར་སྐུལ་བའི”མ་དངུལ་ཡིག་ཐོག་ནས་སྙན་ཞུ་འབུལ་བའི་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་ནས་བྱེ་བྲག་གི་བླང་བྱ་བཏོན་ཡོད།  བྱ་དགས་སྐྱོང་བ་སྐུལ་བའི་མ་དངུལ་ནི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཞུ་བ་དང་གྲོང་ཁྱེར(ས་ཁུལ)རིམ་པའི་ཁོར་ཡུག་སྲུང་སྐྱོང་དང་ནོར་སྲིད་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱེད་པ།  ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་དང་ནོར་སྲིད་ལས་ཁུངས་ཀྱིས་ཞིབ་བཤེར་ཕྱོགས་སྡོམ་བྱས་རྗེས་ཁོར་ཡུག་སྲུང་སྐྱོང་པུ་དང་ནོར་སྲིད་པུ་ལ་སྐྱེལ་འབུལ་བྱེད་དགོས།  ཁོར་ཡུག་སྲུང་སྐྱོང་པུ་ཡིས་ནོར་སྲིད་པུ་དང་འབྲེལ་ནས་མཉམ་དུ་རྩ་འཛུགས་བྱས་ནས་ཞིབ་བཤེར་བྱེད་པ་ཡིན།  འགྲོ་སྒོའི་ཡོང་ཁུངས་ཡོད་པའི་ཞིང་སྡེའི་ཁོར་ཡུག་བདག་སྐྱོང་རྣམ་གྲངས་ལ་ད་ལྟ་སྤྱོད་བཞིན་པའི་བྱ་བའི་གོ་རིམ་ལྟར་སྒྲུབ་དགོས།



མཉམ་སྤྱོད།