དེ་རིང་ནི2025ལོའི་ཟླ03པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧོན་ལོག་པའི་ནད་ནི་དོན་སྣོད་ཚིལ་མང་བར་འབྲེལ་བ་ཡོད་སྲིད།

2024-12-12 10:19:03   |   416

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མེ་གླིང་བྱང་མའི་འགྱེད་འཕྲོ་སློབ་ཚོགས་ཀྱི་ལོ་ཚོགས་ཐོག་སྤེལ་བའི་ཞིབ་འཇུག་ཅིག་ལྟར་ན། མི་ལུས་ཀྱི་ཚིལ་རིགས་དམིགས་བསལ་བ་ཞིག་ཀླད་པའི་ནང་གི་རྒྱུན་ལྡན་མིན་པའི་སྤྲི་དཀར་རྫས་དང་འབྲེལ་བ་ཡོད་ཅིང་། རྒྱུན་ལྡན་མིན་པའི་སྤྲི་དཀར་རྫས་འདི་དག་ནི་ཧོན་ལོག་པའི་ནད་ཀྱི་མཚོན་རྟགས་ཡིན་པ་རེད།    

图片1.jpg

ཤེས་པ་རྒྱུན་ལྡན་ཡིན་པའི་མི་དར་མའི་ཀླད་པའི་ཁྲག་གི་རྒྱུག་ཚད་ལ་ཞིབ་བསྡུར་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། ཚོ་ཆེ་བ་དང་དོན་སྣོད་ཚིལ་གྱི་ཕུང་གྲུབ་ཅུང་མང་བའི་མིའི་ཀླད་པའི་མུར་གོང་འདབ་དང་རྩེ་འདབ་ཁུལ་གྱི་ཁྲག་གི་རྒྱུག་ཚད་ཇེ་ཉུང་དུ་སོང་ཡོད་པ་རེད།

མེ་གླིང་བྱང་མའི་འགྱེད་འཕྲོ་སློབ་ཚོགས་ཀྱི་ཞིབ་འཇུག་འདིའི་ཁྲོད་ཤེས་པ་རྒྱུན་ལྡན་ཡིན་པའི་མི་དར་མ80(ཆ་སྙོམས་ལོ་ན49.4ཡིན་པ་དང་སྐྱེས་མས62.5%ཟིན)ཞུགས་ཡོད་པ་དང་། དེའི་ཁྲོད་ཀྱི57.5%ནི་ཚོ་ཆེ་བའི་ནད་པ་ཡིན་ལ། ཆ་སྙོམས་ཀྱི་གཟུགས་པོའི་ལྗིད་ཚད་སྟོན་གྲངས32.31རེད། ཞིབ་འཇུག་ལ་ཞུགས་མཁན་ཚོར་ཀླད་པའི་གློག་རྡུལ་ཕོ་འཕྲོ་གཏོང་གི་རིམ་ཆད་བཤེར་ཕབ(PET)དང་། ཁྲག་མངར་དང་ཤན་གླིང་རྒྱུའི་ཚད་འཇལ། མཁྲིས་ཕྲུན་བཤེར་འཇལ་བཅས་བྱས་པར་མ་ཟད། གསུས་པའི་སྡུད་མཉམ་འདར་བརྙན་གྲུབ་བཤེར་འབེབས་བྱས་ཏེ་སྐྱི་མོའི་འོག་གི་ཚིལ་དང་དོན་སྣོད་ཚིལ་གྱི་བོངས་ཚད་ཀྱང་འཇལ་བ་རེད།    

ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། PETཚད་ལེན་ཁྲོད་ཀྱི་རྗེས་སྟོན་རྫས་དེ་ནད་པའི་ཀླད་པ་རུ་བསགས་པའི་སིང་ཕྱེ་འདྲ་བའི་ཁྲ་ཐིག་དངtauའཁྱུད་དངོས་གཉིས་ལ་འདྲེས་སྦྱོར་བྱས་ཆོག་ཅིང་། དཔྱད་འབྲས་ལྟར་ན་དོན་སྣོད་ཚིལ་ཅུང་མང་བ་དེ་ཧོན་ལོག་པའི་ནད་ཀྱི་མཚོན་རྟགས་རང་བཞིན་གྱི་ནད་ལུགས་སྤྲི་དཀར་གཉིས་ཏེ། སིང་ཕྱེ་འདྲ་བའི་སྤྲི་དཀར་དངtauསྤྲི་དཀར་གཉིས་ཀྱིPETཆུ་ཚད་ཅུང་མཐོ་བ་དང་འབྲེལ་བ་ཡོད་པ་རེད།    

གཞན་ཤན་གླིང་རྒྱུ་འགོག་པའི་ནུས་པ་ཅུང་མཐོ་བ་དང་སྟུག་ཚད་མཐོ་བའི་ཚིལ་སྤྲི་དཀར་ཅུང་དམའ་བ་དེ་ཀླད་པའི་ནང་གི་སིང་ཕྱེ་འདྲ་བའི་སྤྲི་དཀར་ཅུང་མཐོ་བ་དང་འབྲེལ་བ་ཡོད་ལ། སྟུག་ཚད་མཐོ་བའི་ཚིལ་སྤྲི་དཀར་ཚད་ཅུང་མཐོ་བའི་མི་ཡི་དོན་སྣོད་ཚིལ་གྱིས་སིང་ཕྱེ་འདྲ་བའི་སྤྲི་དཀར་གྱི་ནད་ལུགས་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་འགྲོ།

དེའི་རྐྱེན་གྱིས་ཚོ་བྱང་དུ་འཇུག་པ་དང་དོན་སྣོད་ཚིལ་ཇེ་ཉུང་དུ་གཏོང་བ་དེ་ཧོན་ལོག་པའི་ནད་འབྱུང་བ་སྔོན་འགོག་དང་ཇེ་དལ་དུ་གཏོང་བའི་ཐབས་ཤེས་ལེགས་པོ་ཞིག་ཏུ་བརྩིས་ཆོག


མཉམ་སྤྱོད།