དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་སྡེའི་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་སྣོན་ཇི་ལྟར་བྱེད་རྒྱུ།

2024-12-16 10:32:12   |   730

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཞིང་སྡེ་འཛུགས་སྐྲུན་བྱས་ནས་རྒྱ་ཆེ་ཞིང་པའི་མཛེས་སྡུག་ཡིད་འོང་གི་གནས་གཞིར་བསྒྱུར་པ་ན། ངེས་པར་དུ་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་གི་ཆ་རྐྱེན་དོན་དམ་དུ་ལེགས་སྒྱུར་བྱེད་དགོས། བྱེ་བྲག་གི་ནང་དོན་གཤམ་གྱི་ཕྱོགས་འགར་འདུས་ཡོད་དེ།

(1)ཞིང་སྡེའི་གཙང་སྦྲ་ལས་གཞི་ལག་བསྟར་བྱས་ཐོག ཆུ་དང་ཇ་ཁང་དང་། སྤྱོད་ཁང་དང་། ཕྱུགས་ཁང་བཅས་ཀྱི་ལེགས་སྒྱུར་ཇེ་མགྱོགས་སུ་གཏོང་རྒྱུ་དང་། སྙིགས་རོ་གཅིག་བསྡུས་ཐག་གཅོད་བྱེད་པ། ཞིང་སྡེའི་འཕྲོད་བསྟེན་ཆ་རྐྱེན་དང་མིའི་འཚོ་གནས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱེད་རྒྱུ། 

(2)ཞིང་སྡེའི་འཐུང་ཆུ་བདེ་འཇགས་ལས་གཞིའི་འཛུགས་སྐྲུན་ཐད་ཀྱི་འགྲོ་སྒོ་ཇེ་མང་བཏང་ཐོག འཛུགས་སྐྲུན་མགྱོགས་པོ་བྱེད་རྒྱུ་དང་། འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བྱེད་རྒྱུ། ཆུ་སྤྲོད་པའི་མ་རྩ་ཅུང་མཐོ་བ་ལ་སྲིད་ཇུས་ཀྱི་གཟིགས་སྐྱོང་དང་ཡང་ན་ཁ་གསབ་བྱེད་ཆོག དོན་ནི་ཞིང་པ་རྣམས་ཀྱིས་འཕྲལ་དུ་སེམས་བདེ་བའི་ཆུ་འཐུང་ཐུབ་པར་འཇུག་རྒྱུ།

(3)ཞིང་སྡེའི་རྫབ་རླུངས་ཐད་ཀྱི་འགྲོ་སྒོ་ཇེ་མང་དུ་བཏང་ཐོག ཁྱིམ་ཚང་གིས་བེད་སྤྱོད་པའི་རྫབ་རླངས་གོང་དུ་འཕེལ་བ་ལ་འབད་པ་བྱེད་རྒྱུ་དང་། རྫབ་རླངས་ཆེ་འབྲིང་གི་ཨར་ལས་འཛུགས་སྐྲུན་བྱེད་རྒྱུ། རྫབ་རླངས་ཞབས་ཕྱི་མ་ལག་གི་འཛུགས་སྐུན་ལ་ཤུགས་སྣོན་བྱེད་རྒྱུ། ཆ་རྐྱེན་ཡོད་པའི་ཞིང་འབྲོག་ས་ཁུལ་དུ་ཉི་ནུས་དང་རླུང་ནུས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ།

(4)རྒྱང་བསྒྲགས་དང་བརྙན་འཕྲིན་དང་། གློག་འཕྲིན་དྲ་བ། ཕན་ཚུན་འབྲེལ་དྲ། “དྲ་གསུམ་གཅིག་གྱུར”བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་མ་བཏང་ཐོག ཆ་འཕྲིན་ཅན་གྱིས་ཞིང་པ་ལ་ཞབས་ཕྱི་ཞུ་བའི་ནུས་པ་འདོན་སྤེལ་ལ་ཧུར་བརྩོན་བྱེད་རྒྱུ་དང་། ཞིང་སྡེ་སྦྲག་སྲིད་ཞབས་ཕྱི་གོང་འཕེལ་གཏོང་རྒྱུ།

(5)ཞིང་སྡེའི་སྤྱི་པའི་སྒྲིག་བཀོད་ཀྱི་སྲུང་སྐྱོང་ནང་རྐྱེན་འཐུས་ཚང་དུ་བཏང་ནས་ཕྱོགས་བསྡུས་བེད་སྤྱོད་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ།


མཉམ་སྤྱོད།