དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཅི་ཞིག་ལ་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བ་ཟེར།

2024-12-17 11:19:43   |   107

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་རྒྱུའི་སྲིད་ཇུས་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་དངོས་འབེབས་ལག་བསྟར་བྱེད་པ་དང།  ནང་མཁོ་རྒྱ་ཆེར་གཏོང་བའི་བཀོད་པ་གལ་ཆེན་ཞིག་ཡིན་ལ།  ནོར་སྲིད་དང་ཉོ་འཚོང་སྲིད་ཇུས་ཀྱི་གསར་སྐྲུན་འགག་ལས་རྟོལ་བའི་བྱ་ཐབས་ཤིག་ཀྱང་ཡིན།

ནང་དོན་གཙོ་བོ་འདི་ལྟ་སྟེ།  ཞིང་པའི་འཛད་སྤྱོད་འཕར་བཞིན་ཡོད་པའི་གནས་ཚུལ་དང་བསྟུན་ཐོག  ནོར་སྲིད་དང་ཉོ་འཚོང་གི་སྲིད་ཇུས་བཀོད་ནས་བཟོ་ཚོང་མཉམ་སྦྲེལ་བྱས་ནས།  མཉམ་དུ་ཞིང་སྡེའི་འཛད་སྤྱོད་ཁྱད་ཆོས་དང་མཐུན་ཞིང་།  གཤིས་ནུས་བརྟན་པོ་ཡིན་པ།  སྤུས་ཀ་ལེགས་པ།  གོང་བདེ་བ་བཅས་ལྡན་པའི་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་གསར་སྐྲུན་བྱེད་དགོས་པ་མ་ཟད།  ད་དུང་ཞིང་པའི་དགོས་མཁོ་སྐོང་ཐུབ་པའི་རྒྱུན་འཁོར་དང་བཙོངས་རྗེས་ཞབས་ཕྱི་འདོན་སྤྲོ་བྱེད་དགོས།  ཞིང་པས་ཁ་གསབ་ཡོད་པའི་ཁྱིམ་སྤྱོད་གློག་ཆས་ཉོས་ན་ནོར་སྲིད་གྱིས་སྡུར་ཚད་ངེས་ཅན་ཞིག་གི་ཁ་གསབ་བྱེད་པས།  ཞིང་པའི་ཉོ་སྟོབས་འགུག་ཐུབ་པ་དང་།  ཞིང་སྡེའི་འཛད་སྤྱོད་རྒྱ་ཆེར་གཏོང་ཐུབ་པ་དང་།  ནང་མཁོ་དང་བྱེས་མཁོ་མཐུན་སྦྱོར་དང་གོང་དུ་འཕེལ་བར་སྐུལ་མ་གཏོང་ཐུབ། 

མདོར་བསྡུས་ནས་བཤད་ན།  ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བ་ནི་རྒྱལ་ཡོངས་ཞིང་སྡེའི་ཞིང་པས་དམིགས་བསལ་གྱི་ཁྱིམ་སྤྱོད་གློག་ཆས་ཉོ་བར་ནོར་སྲིད་ཕྱོགས་ནས་ཁ་གསབ་མཐོན་པོ་གཏོང་བ་སྟེ།  ནོར་སྲིད་ལས་ཁུངས་ཀྱིས་ཁྱིམ་སྤྱོད་གློག་ཆས་རིན་གོང་གི་སྡུར་ཚད་ངེས་ཅན་ཞིག་ཞིང་པ་ལ་བྱིན་པ་ཡིན།


མཉམ་སྤྱོད།