དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

རྒྱལ་ཡོངས་ནས་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་དོན་སྙིང་ནི་ཅི་ཞིག་ཡིན།

2024-12-18 08:55:55   |   63

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


གནས་བབ་གསར་པའི་འོག  རྒྱལ་ཡོངས་ནས་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བར་བྱས་ན།  ནང་མཁོ་རྒྱ་སྐྱེད་དང་དཔལ་འབྱོར་བརྟན་བརླིང་ངང་གོང་འཕེལ་མགྱོགས་པོ་འབྱུང་བ་ལ་དོན་སྙིང་གལ་ཆེན་ཡོད་དོ།

(1)ཞིང་པ་ལ་དོན་དམ་གྱི་ཕན་ཁེ་འཐོབ་ཐུབ།  ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཐོན་རྫས་ཀྱི་སྤུས་ཀ་ལེགས་ཤིང་གོང་བདེ་བ།  ཉོས་རྗེས་ཞབས་ཕྱི་ཡོད་པ་མ་ཟད།  ཞིང་པ་ལ་ད་དུང་དངོས་གོང་གི13%གྱི་ཁ་གསབ་ཐོབ་པས།  ཞིང་པས་དགའ་བསུ་བྱེད་པ་ཡིན།  སྡོམ་རྩིས་བྱས་པ་ལྟར་ན།  ཞིང་པ་ཁྲི1200ལ་ཕན་ཁེ་ཐོབ་པས།  ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གྱུར།

(2)དངུལ་ལོར་གྱོང་གུན་ལས་ཁྱིམ་སྤྱོད་གློག་ཆས་ལས་རིགས་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གྱུར།  རྒྱལ་སྤྱི་ཚོང་རའི་ཤན་ཞུགས་པས།  ཁྱིམ་སྤྱོད་གློག་ཆས་ཕྱི་གཏོང་ལ་བགེགས་བར་ཆད་བྱུང་།  ལམ་རིགས་གོང་འཕེལ་ལ་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་།  ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བར་བྱས་ན།  ཁེ་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་།  ལས་རིགས་བདེ་བླག་ཏུ་འཕེལ་ཁོངས་རྒྱ་ཇེ་ཆེར་འགྱུར་ཐུབ།  རྒྱུས་ལོན་པ་ལྟར་ན།  2008ལོར་སི་ཁྲོན་གྱི་ཁྲིང་ཧུང་དང་།  ཆིན་ཏའོ་ཡི་ཧའེ་ཨར་དང་།  ཧོ་ནན་གྱི་ཞིན་ཧྥེ་དང་།  ཅང་སའོ་ཡི་པེ་ཞའོ་བཅས་སུ་འཇོན་དེ་འགུག་ཐོབ་པའི་ཁེ་ལས་ཀྱིས་ཚོད་ལྟ་ཞིང་ཆེན་དུ་བཙོངས་པའི་གྲངས་ཀ་ཤིན་ཏུ་ཇེ་མང་དུ་སོང་།  དེའི་ཁྲོད་དུ་ཧའེ་ཨར་དང་ཞིན་ཧྥེ་འཁྱགས་སྒམ་གྱི་བཙོངས་གྲངས90%འཕར།  ཁྲིང་ཧུང་ལག་འཁྱེར་ཁ་པར80%ལས་བརྒལ། 

(3)ཞིང་སྡེའི་འཛད་སྤྱོད་ལ་སྐུལ་མ་དང་ནང་མཁོ་རྒྱ་སྐྱེད་བྱེད་པའི་བྱ་ཐབས་སྟོབས་ལྡན་ཞིག་ཡིན།  མིག་སྔར་ཞིང་སྡེའི་ཁྱིམ་སྤྱོད་གློག་ཆས་ཁྱབ་གདལ་དུ་འགྲོ་བཞིན་པའི་གླགས་སུ།  སྔར་ལས་ལྷག་པར་དུ་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་བསྐྱལ་ན།  ཞིང་པའི་འཛད་སྤྱོད་ནུས་ཤུགས་ཐད་ཀར་མཐོར་འདེགས་སུ་གཏོང་ཐུབ་པ་དང་།  དེ་བས་རྒྱ་ཆེ་བའི་ཞིང་པའི་ཉོ་སེམས་སྐུལ་སློང་བྱེད་ཐུབ།  དོན་དམ་དུ་ནང་མཁོ་ཞེས་པ་སྤྱི་དང་།  ལྷག་པར་དུ་ཞིང་སྡེའི་འཛད་སྤྱོད་འཕར་ཐུབ།  དཔག་རྩིས་བྱས་པ་ལྟར་ན།  རང་རྒྱལ་གྱི་ཞིང་སྡེའི་ཁྱིམ་ཚང་དུང་ཕྱུར་གཉིས་ལྷག་ལ་ཁྱིམ་སྤྱོད་གློག་ཆས་ཁྱབ་གདལ་བྱས་ཚད་བརྒྱ་ཆའི་ཚེག་གཅིག་འཕར་ན།  ཁྱིམ་སྤྱོད་གློག་ཆས་ཁག་གི་མཁོ་ཚད་ཁྲི200འཕར་ཐུབ་པས།  ཞིང་སྡེའི་འཛད་སྤྱོད་རྒྱ་བསྐྱེད་པར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད།


མཉམ་སྤྱོད།