དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཁྱིམ་སྤྱོད་གློག་ཆས་གང་དག་ནི་གྲོང་གསེབ་ཏུ་སྐྱེལ་བའི་ཐོན་རྫས་ཡིན་པ་དང་ནོར་སྲིད་ཀྱི་ཁ་གསབ་ལོངས་སྤྱོད་ཆོག

2024-12-19 14:46:40   |   44

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཚོང་ལས་པུ་དང་ནོར་སྲིད་པུའི《ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་བྱ་བ་ལེགས་སྒྲུབ་བྱེད་དགོས་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་སྦྱོར》(ཚོང་བསྡུས་སྤེལ【2008】ཡིག་ཨང426པ)ཡིག་ཆ་ལྟར་ན། ཁ་གསབ་བྱེད་པའི་ཐོན་རྫས་ནི་ཚོན་ལྡན་བརྙན་འཕྲིན་འཕྲུལ་ཆས་དང་། འཁྱགས་སྒམ་དང་། ལག་འཁྱེར་ཁ་པར། ལྭ་འཁྲུད་འཕྲུལ་ཆས་བཅས་པའི་རིགས་བཞི་ཡོད། རེ་རེ་ཐ་དད་དུ་བཅད་གོང་སྒོར2000དང་། སྒོར2500དང་། སྒོར1000དང་། སྒོར2000ཡིན།

2009ལོའི་ཟླ2པའི་ཚེས19ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས51པའི་གཏན་འབེབས་ལྟར་ན། ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བར་ཁ་གསབ་བྱེད་པའི་ཐོན་རྫས་སྣ་ཁ་ཇེ་མང་དུ་བཏང་བ་སྟེ། འཕྲུལ་རྟ་དང་། གློག་ཀླད་དང་། ཆུ་སྐོལ་འཕྲུལ་ཆས་དང་།  དྲོ་གྲང་སྙོམ་སྒྲིག་འཕྲུལ་ཆས་བཅས་རིགས་འདི་བཞི་ལ་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)གྱིས་རིགས་གཉིས་བདམས་ནས་ཁ་གསབ་བྱེད་པ་དེ་རྒྱལ་ཡོངས་ནས་གཅིག་གྱུར་གྱིས་ལག་བསྟར་བྱེད་པར་བསྒྱུར། དེ་དང་ཆབས་ཅིག་ཏུ། ཞིང་བའི་དགོས་མཁོ་འཕར་བ་དང་བསྟུན་ནས་རླབས་ཕྲན་མེ་ཐབ་དང་གློག་ཁབ་ལེན་མེ་ཐབ་གཉིས་ཡང་ཁ་གསབ་ཀྱི་ཁོངས་སུ་བཀོད། དེའི་ཕྱིར། རྒྱལ་ཡོངས་ནས་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བར་ཁ་གསབ་བྱེད་པའི་ཐོན་རྫས་རིགས10ཡོད། དེའི་ནང་དུ་འཕྲུལ་རྟ་ནི་ལག་བསྟར་བྱེད་གྲབས་ཡོད་པའི“རླངས་འཁོར་གྲོང་གསེབ་ཏུ་སྐྱེལ་བ”ཞེས་པའི་ཁྱབ་ཁོངས་སུ་བཀོད་པ་ཡིན།

2007ལོ་ནས་ཞིང་ཆེན་གསུམ་དུ་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བ་ཚོད་ལྟ་ལག་བསྟར་བྱས་པ་ནས་ད་བར་དུ། ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཐོན་རྫས་རིགས་བཞི་ནས་རིགས་བཅུར་ཐོན་ཡོད་པས། རང་རྒྱལ་གྱི་ཞིང་པས་ཉོ་འདོད་པའི་ཁྱིམ་སྤྱོད་གློག་ཆས་ཕལ་ཆེར་དེའི་ནང་དུ་འདུས་ཡོད།

གསལ་པོར་བཤད་ན། ཚོན་ལྡན་བརྙན་འཕྲིན་འཕྲུལ་ཆས་དང་། འཁྱགས་སྒམ་དང་། ལྭ་འཁྲུད་འཕྲུལ་ཆས་དང་། ལག་འཁྱེར་ཁ་པར་དང་། འཕྲུལ་རྟ་དང་། གློག་ཀླད་དང་། ཆུ་སྐོལ་འཕྲུལ་ཆས་དང་། དྲོ་གྲང་སྙོམ་སྒྲིག་འཕྲུལ་ཆས་དང་། རླབས་ཕྲན་མེ་ཐབ་དང་། གློག་ཁབ་ལེན་མེ་ཐབ་བཅས་སོ། དེའི་ནང་དུ་འཕྲུལ་རྟ་ནི“རླངས་འཁོར་གྲོང་གསེབ་ཏུ་སྐྱེལ་བའི”ཁ་གསབ་ནང་འགོད་རྒྱུ།


མཉམ་སྤྱོད།