རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཚོང་ལས་པུ་དང་ནོར་སྲིད་པུའི་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཐོན་རྫས་ཀྱི་རྣམ་གྲངས་ལ་སུ་འཇོན་དེ་འགུག་བྱས་ནས་གཏན་འབེབས་བྱེད་པ་ཡིན། གཏན་འབེབས་བྱས་པའི་ཐོན་རྫས་དེ་དག་གི་སིལ་བཙོང་རིན་གོང13%ལྟར་ཁ་གསབ་བྱེད་པ་ཡིན། ཁ་གསབ་མ་དངུལ་ནི་ཀྲུང་དབྱང་ནོར་སྲིད་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས80%འཁུར་རྒྱུ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས20%འཁུར་རྒྱུ།
2009ལོའི་ཟླ2པའི་ཚེས19ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས51པའི་གཏན་འབེབས་ལྟར་ན། ཁ་གསབ་ཐོན་རྫས་ཉོས་ན་ཚོད་འཛིན་པའི་སྲིད་ཇུས་ལེགས་སྒྲིག་བྱས་ཏེ། སྔོན་ཆད་ཁྱིམ་ཚང་གཅིག་གིས་ཁ་གསབ་ཐོན་རྫས་གཅིག་ཉོ་ཆོག་པ་ལས་གཉིས་ཉོ་ཆོག་པར་བགྱིས། ཞིན་ཅང་དང་ནང་སོག་དང་ཉིན་ཞ་དང་བོད་ལྗོངས་དང་ཀོང་ཞི་བཅས་གྲངས་ཉུང་མི་རིགས་རང་སྐྱོང་ལྗོངས་དང་ཝུན་ཁྲོན་ས་འགུལ་གནོད་སྐྱོན་ཐེབས་པའི་རྫོང51གི་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཁ་གསབ་དངུལ་ནི་ཚང་མ་ཀྲུང་དབྱང་ནོར་སྲིད་ཀྱིས་འཁུར་བ་ཡིན།
ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བ་ལ་ནོར་སྲིད་ཀྱིས་ཁ་གསབ་བྱེད་པ་འདི་དོན་དམ་དུ་བཤད་ན། སུ་འཇོན་དེ་འགུག་བྱས་པའི་ཁྱིམ་སྤྱོད་གློག་ཆས་ལ་ནོར་སྲིད་ལས་ཁུངས་ཀྱིས་ཐོན་རྫས་ཀྱི་རིན་གོང་གི13%བླངས་ནས་ཞིང་པ་ལ་བྱིན་པ་ཡིན་ནོ། ཁ་གསབ་དེ་དག་ནི་ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་ཀྱིས་མཉམ་དུ་འཁུར་རྒྱུ་དང་། དམིགས་བསལ་གྱི་ས་ཁུལ་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་ཚང་མ་འཁུར་བ་ཡིན།