དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཐོན་རྫས་དེ་ཞིང་སྡེའི་འཛད་སྤྱོད་དགོས་མཁོ་དང་མཐུན་པར་བྱེད་པར་ཁག་ཐེག་ཇི་ལྟར་བྱེད་རྒྱུ།

2024-12-25 09:06:27   |   828

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཐོན་རྫས་དེ་ཞིང་སྡེའི་འཛད་སྤྱོད་ཁྱད་ཆོས་དང་མཐུན་པར་འཇུག་པ་དང་། ཞིང་པའི་ཁེ་ཕན་དོན་དམ་དུ་སྲུང་ཆེད་དང་། གྲོང་ཁྱེར་གྱི་ཚོང་རྫས་སླ་མོས་ཞིང་སྡེར་བཙོང་བ་དང་བཙོང་མི་ཐུབ་པའི་ཚོང་རྫས་ཞིང་སྡེར་སྤོ་བ་སྔོན་འགོག་བྱེད་ཆེད། ཚོང་ལས་པུ་དང་ནོར་སྲིད་པུའི་བརྟག་དཔྱད་ཞིབ་འཇུག་བྱས་རྗེས། ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཐོན་རྫས་ཀྱི་ཚད་གཞི་ལ་དམིགས་སུ་བཀར་ནས་གཏན་ལ་ཕབ། ནུས་ཁུངས་གྲོན་ཆུང་དང་། ཁོར་ཡུག་ལ་སྦགས་བཙོག་མི་བྱེད་པ་དང་། ཡུན་རིང་བཀོལ་ཆོག་པ་དང་། བཀོལ་ན་བདེ་འཇགས་ཡིན་པ་བཅས་མངོན་སུམ་གྱི་བླང་བྱ་བཏོན། དཔེར་ན། གློག་གནོན་ཞེང་ཆེ་བ་དང་། བརྡ་རྟགས་ཆེ་བའི་ཚོན་ལྡན་བརྙན་འཕྲིན་འཕྲུལ་ཆས་དང་། གློག་ཟད་པ་ཉུང་བ་དང་། འཁྱགས་རྒྱ་ཆེ་བ། ཁོར་ཡུག་ལ་སྦགས་བཙོག་མེད་པའི་འཁྱགས་སྒམ་དང་། གློག་གནོན་ཞེང་ཆེ་བ་དང་། ཆུ་གནོན་ཞེང་ཆེ་བ་དང་། འཁྲུད་ཤུགས་ཆེ་བ། ཆུ་གཏོང་ན་སྟབས་བདེ་ཡིན་པའི་ལྭ་འཁྲུད་འཕྲུལ་ཆས་སོགས་ལྟ་བུའོ། དེ་དང་ཆབས་ཅིག་ཏུ། ཞིང་སྡེའི་འཛད་སྤྱོད་དང་མི་མཐུན་པའི་ནུས་པ་དང་ཕྱི་ཐུམ་ལ་ཁེ་ལས་ཀྱིས་སྟབས་བདེ་གཏོང་བར་སྣེ་ཁྲིད་བྱས་ཏེ། ཐོན་སྐྱེད་ཀྱི་མ་རྩ་ཇེ་དམར་གཏོང་བ་དང་། ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཐོན་རྫས་ཀྱི་རྒྱུ་སྤུས་དང་ཉེར་སྤྱོད་དང་གོང་བདེ་བར་ཁག་ཐེག་བྱེད་རྒྱུ། སུ་འཇོན་དེ་འགུག་བྱས་པའི་གནས་ཚུལ་ལ་བལྟས་ན། ཁེ་ལས་མང་ཤས་ཀྱིས་དམིགས་སུ་གཏད་ནས་ཞིང་སྡེ་དང་མཐུན་པའི་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྐྲུན་བྱས། ཐོན་རྫས་ཀྱི་རྒྱུ་སྤུས་ཁག་ཐེག་བྱས་ཐོག་ད་དུང་ཞིང་པའི་འཛད་སྤྱོད་དང་མཐུན་པའི་ནུས་པ་ཁ་སྣོན་བྱས། དཔེར་ན་འཁྱགས་སྒམ་ལ་ཙི་གུ་འགོག་སྤྱད་དང་གློག་འཁྱགས་སྒམ་བདེ་མོ་གཏོང་སྤྱད་སྒྲིག་འཛུགས་བྱས་པ་དང་། ལག་འཁྱེར་ཁ་པར་ལ་ཞིང་སྡེ་ཆ་འཕྲིན་ནུས་པ་སྒྲིག་འཛུགས་བྱས། ལྭ་འཁྲུད་འཕྲུལ་ཆས་ལ་ཆུ་འདྲེན་གཏོང་སྦུ་གུ་ཐེངས་མང་པོར་གུག་ཆོག་པའི་ནུས་པ་ཡོད་པར་བགྱིས་པ་སོགས་ལྟ་བུའོ། གཞན་ཡང་། ལག་བསྟར་ཁྱབ་གདལ་དུ་གཏོང་བའི་ས་ཁུལ་ཞིང་པའི་འཛད་སྤྱོད་ཆུ་ཚད་གཞིར་བཟུང་ཐོག་ཚོང་ལས་པུ་དང་ནོར་སྲིད་པུའི་གཉིས་ཀྱིས་གྲོང་གསེབ་ཏུ་སྐྱེལ་བའི་ཐོན་རྫས་རིགས་བཞིའི་སིལ་བཙོང་རིན་གོང་ལ་གོང་ཚད་གསལ་པོར་གཏན་འཁེལ་བྱས་པས། རྒྱ་ཆེ་ཡོང་སྒོ་དམའ་འབྲིང་ཞིང་པས་ཁ་གསབ་སྲིད་ཇུས་ལོངས་སྤྱོད་ཐུབ་པར་གྱུར། 

ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཐོན་རྫས་ལ་ཚོང་ལས་པུ་དང་ནོར་སྲིད་པུ་ཡི་ཆེད་དུ་བཟོས་པའི་ཐོན་རྫས་ཚད་གཞི་ཡོད་པས། ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཐོན་རྫས་དེ་ཞིང་པའི་འཛད་སྤྱོད་དགོས་མཁོ་དང་མཐུན་ཐུབ་པར་ཁག་ཐེག་བྱས།


མཉམ་སྤྱོད།