དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱི་རིམས་སྔོན་འགོག་ལ་ཕྱོགས་འདི་དག་ནས་མཉམ་འཇོག་བྱ་དགོས།

2024-08-10 13:53:47   |   195

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


རྩྭ་ཐང་དུ་གནས་སྐོར་ལ་འགྲོ་བའི་ཚ་རླབས་འཕྱུར་བ་དང་བསྟུན་ནས། མི་དང་སྲོག་ཆགས་འབྲེལ་འདྲིས་དམ་ཟབ་བྱེད་ཚད་ཀྱང་ཇེ་མང་དུ་གྱུར་པས། བྱི་རིམས་སོགས་རང་བྱུང་རིམས་ཁུངས་ཀྱི་ནད་འབྱུང་བ་དང་ཁྱབ་པ་ལ་དོགས་ཟོན་བྱ་དགོས། ནུས་ལྡན་གྱི་རང་སྲུང་བྱེད་ཐབས་བསྟེན་ན་བྱི་རིམས་འགོ་བ་སྔོན་འགོག་བྱེད་ཐུབ། 

1.png

01རིམས་ཁུངས་ས་ཆའི་རི་སྐྱེས་སྲོག་ཆགས་ལ་མི་རེག་པ།  

ཕྱི་རོལ་དུ་གནས་སྐོར་ལ་འགྲོ་སྐབས་དང་ལྷག་པར་དུ་རྩྭ་ཐང་ལ་འགྲོ་སྐབས་རབ་ཡིན་ན། རི་སྐྱེས་སྲོག་ཆགས་ལ་མ་རེག་ན་བཟང་ཞིང་། བྱི་བའི་རིགས་དང་འཕྱི་བ་སོགས་ལ་ཟ་མ་སྟེར་བའམ་དེའི་མཉམ་དུ་རྩེད་མོ་རྩེ་བ། དེ་དག་གི་ས་དོང་འགྲམ་ནས་འདུག་པ་སོགས་བྱ་མི་རུང་། ལྷག་པར་དུ་ནད་བྱུང་སྟེ་ཤི་བའི་རི་སྐྱེས་སྲོག་ཆགས་ལ་རེག་མི་རུང་། 

2.png

02ལྗི་བས་སོ་འདེབས་པ་སྔོན་འགོག་བྱ་དགོས། 

ལྗི་བ་ནི་བྱི་རིམས་ཁྱབ་སྤེལ་བྱེད་པའི་སྨྱན་བྱེད་ཡིན་ལ། བྱི་རིམས་དབྱུག་སྲིན་ནི་ལྗི་བས་སོ་བཏབ་པ་བརྒྱུད་མི་ལུས་སུ་འཛུལ་བ་ཡིན། དེ་བས། རིམས་ཁུངས་ས་ཆར་འགྲོ་ན་མི་སྒེར་གྱི་འགོག་སྲུང་ལེགས་པོར་བསྒྲུབ་དགོས་ཏེ། དཔེར་ན་སྟོད་ལྭ་ཕུ་རུང་རིང་བོ་ཅན་དང་རྐང་སྣམ་རྐང་ཤག་རིང་བོ་ཅན་སོགས་གྱོན་ནས་ལྗི་བ་ཤ་སྐྱིའི་སྟེང་དུ་མགོ་བ་དང་སོ་འདེབས་པ་སྔོན་འགོག་བྱ་དགོས། 

3.png

03“མི་བྱེད་པ”གསུམ་གྱི་ཚད་གཞི་བརྟན་སྲུང་བྱ་དགོས། 

བྱི་རིམས་ཀྱི་རིམས་ཁུངས་ས་ཆ་ལ་གནས་སྐོར་དུ་འགྲོ་བའི་མི་རྣམས་ཀྱིས“རང་དགར་རིམས་ཁུངས་སྲོག་ཆགས་མི་རྔོན་པ་དང་རིམས་ཁུངས་སྲོག་ཆགས་ཀྱི་ཤ་མི་ཟ་བ། རང་དགར་རིམས་ཁུངས་སྲོག་ཆགས་དང་དེའི་ཐོན་རྫས་རིམས་ཁུལ་ཕྱི་རོལ་དུ་མི་ཁྱེར་བ”བཅས་ཀྱི་ཚད་གཞི་བརྟན་སྲུང་བྱ་དགོས།

4.png

04རང་ངོས་ཀྱི་བདེ་ཐང་བརྟག་འཇལ་ལ་ཤུགས་བསྣོན་དགོས།

རྩྭ་ཐང་སོགས་རིམས་ཁུངས་སུ་རྩེད་མོ་རྩེ་བར་ཕྱིན་ནས་ཕྱིར་ལོག་རྗེས། བསྟུད་མར་གཟའ་འཁོར་གཅིག་ལ་རང་གིས་རང་གི་བདེ་ཐང་ལ་བརྟག་འཇལ་བྱ་དགོས་ཤིང་། གལ་ཏེ་ཚ་རྒྱས་པ་དང་རྨེན་མདུད་སྐྲངས་པ། ན་བ། གློ་ལུ་བ། ལུད་པའི་ནང་ཁྲག་འདྲེས་པ་སོགས་རྒྱུན་ལྡན་མིན་པའི་ནད་རྟགས་ཡོད་ཚེ། ལམ་སང་སྨན་པར་བསྟན་དགོས་པར་མ་ཟད། རིམས་ཁུངས་ས་ཆ་ལ་གནས་སྐོར་དུ་སོང་བའི་བརྒྱུད་རིམ་ཡང་སྨན་པར་བཤད་དགོས། 

5.png

05མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱ་དགོས། 

མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་པ་ནི་བྱི་རིམས་སོགས་འགོས་ནད་སྣ་ཚོགས་སྔོན་འགོག་བྱེད་པའི་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན་ཏེ། དཔེར་ན་དུས་རྒྱུན་ལག་པ་བཀྲུ་བ་དང་ཅི་ནུས་སྒོས་མི་ཚོགས་མང་སར་མི་འགྲོ་བ། ཚ་རྒྱས་པ་དང་གློ་ལུ་བ་སོགས་འབྲེལ་ཡོད་ཀྱི་ནད་རྟགས་བྱུང་ཚེ་དུས་ཐོག་ཏུ་ཁ་ཐུམ་རྒྱག་པ་བཅས་བྱ་དགོས། 

6.png



སྐབས་སྔོན་མ། མེད།
སྐབས་རྗེས་མ། རྒྱུན་མཐོང་གི་རྩྭ་སྨན་འགའི་ཉར་ཐབས།
མཉམ་སྤྱོད།