དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སེན་ཤུར་གཉན་ཚད་བྱུང་ན་ཇི་ལྟར་བྱ་དགོས་སམ།

2024-09-04 08:56:53   |   288

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


1.jpg

སེན་ཤུར་གཉན་ཚད་ནི་རྐང་པའི་སེན་མོའི་གཞོགས་གཉིས་ཀྱི་སེན་ཤུར་དང་དེའི་ཉེ་འཁོར་གྱི་ཕུང་གྲུབ་སྙི་མོ་རེད་པ་ལས་བྱུང་བ་ཡིན་ལ། སེན་མོའི་ཉེ་འཁོར་ལ་སྐྱོན་བརྒྱབ་པའམ་ལྷམ་གྱིས་བཅུམ་དྲགས་པ།  སེན་མོ་ཤ་གསེང་ལ་ཟུག་པ།  རྨས་ཕོག་པ།  སེན་མོ་གཅོད་སྟངས་མ་འགྲིག་པ།  དུས་རྒྱུན་སེན་མོར་མཛེས་སྤྲས་བྱེད་པ་སོགས་ནི་ནད་འདིའི་འབྱུང་རྐྱེན་གཙོ་བོ་ཡིན། 

སེན་ཤུར་གཉན་ཚད་ནད་པས་སྔ་དུས་སུ་ནད་རྟགས་ཅུང་ཡང་བའི་སྐབས།  ན་བཞིན་པའི་རྐང་པར་འཁྱགས་དར་གླན་པ་དང་ཏེན་ཧྥུ་བྱུགས་ནས་དུག་སེལ་བྱེད་པ།  རླུང་རྒྱག་ཏུ་འཇུག་པ།  བཙུར་གནོན་མི་ཐེབས་པར་བྱེད་པ་སོགས་བྱ་དགོས།  སེན་མོའི་ཉེ་འཁོར་གྱི་ཕུང་གྲུབ་སྙི་མོ་དག་ལ་སྐྱོན་བརྒྱབ་ཚེ།  ངེས་པར་དུ་སྐྱེ་འགོག་རྫས་སྤྱད་ནས་གསོ་བཅོས་བྱ་དགོས། 

གལ་ཏེ་སེན་ཤུར་གྱི་ཉེ་འཁོར་དམར་པོར་གྱུར་པ་དང་སྐྲངས་པ།  ཚ་རྒྱས་པ།  ན་བ་སོགས་བྱེད་པའམ། སེན་མཐའ་རྣག་པ།  ལུས་དྲོད་ཇེ་མཐོར་འགྲོ་བ་སོགས་བྱེད་ན།  ངེས་པར་དུ་སྨན་ཁང་ལ་འགྲོ་དགོས་ཤིང་།  གཤགས་བཅོས་བརྒྱུད་དེ་རྣག་ཁྲག་ཕྱིར་དྲངས་ན་ད་གཟོད་སླར་སོས་འབྱུང་ཐུབ། 

གལ་ཏེ་སེན་ཤུར་གཉན་ཚད་རྒྱས་པ་ནི་སེན་མོས་བཙུར་གནོན་བྱས་པ་དང་འབྲེལ་བ་ཡོད་ན།  སེན་མོའི་ཁག་ཅིག་འབལ་དགོས་ཤིང་།  སེན་ཤུར་གཉན་ཚད་ཡང་ཡང་འབྱུང་ན་གཤགས་བཅོས་བྱ་དགོས། 


མཉམ་སྤྱོད།