དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱར་ཁར་ཆུ་འཐུང་སྟངས་ཡང་དག་པ་དེ་གང་ཡིན་ནམ།

2024-08-19 09:58:53   |   252

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གཅིག ཆུ་འཐུང་ཚད་འདང་བར་བྱེད་པ། 

《ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཏུང་ཕྱོགས་སྟོན》ལྟར་ན།  དྲོ་འཇམ་ལྡན་པའི་ནམ་ཟླའི་ཆ་རྐྱེན་འོག  ལུས་པོའི་འགུལ་སྐྱོད་ཆུ་ཚད་དམའ་བའི་སྐྱེས་པ་དར་མས་ཉིན་རེར་ཆུ་ཧའོ་ཧྲེང1700རེ་དང་། བུད་མེད་དར་མས་ཉིན་རེར་ཆུ་ཧའོ་ཧྲེང1500རེ་བཏུང་འོས། དབྱར་ཁར་རྔུལ་ཆུ་བཞུར་ཚད་མང་བས། ཆུ་ཡི་དགོས་མཁོ་ཇེ་ཆེར་སོང་ཡོད་ལ། དྲོད་ཚད་མཐོ་བའི་ངལ་རྩོལ་བྱེད་སྐབས་དང་། ལྷག་པར་དུ་འགུལ་སྐྱོད་བྱེད་པའི་གནས་སྟངས་འོག་ཆུའི་དགོས་མཁོ་དེ་བས་ཆེ།  དེའི་ཕྱིར།  ཕྱི་རོལ་ལ་འགྲོ་སྐབས་ཆུ་དེམ་ཁྱེར་ན་ལེགས་ཤིང་།  སྐར་མ30རེའི་ནང་ལ་ཆུ་ཧའོ་ཧྲེང100ནས200བཏུང་འོས།  ཆུ་རྔམ་འཐུང་བྱས་ན་མི་ལེགས་པ་དང་།  འགུལ་སྐྱོད་བྱེད་སྐབས་བཏུང་བའི་རིགས་འཐུངས་ཏེ་ཆུའི་འདུས་ཚད་དང་གློག་འབྱེད་རྫས་ཁ་གསབ་བྱས་ཀྱང་ཆོག

གཉིས། ཆུ་འཁྱགས་འཐུང་རྒྱུ་ཉུང་བར་བྱེད་པ།

ཆུ་འཁྱགས་ཀྱིས་ཚ་བ་སེལ་ཐུབ་པར་སྙམ་ནས་ཆུ་འཁྱགས་ནང་དུ་འཁྱགས་དར་བསྣན་ཏེ་འཐུང་བ་ནི་ན་གཞོན་ཚོས་དབྱར་ཁར་ཆུ་འཐུང་སྐབས་ཀྱི་རྒྱུན་མཐོང་གི་དགོས་མཁོ་ཞིག་ཏུ་གྱུར་འདུག  ཡིན་ནའང་ཞིབ་འཇུག་བྱས་པ་ལྟར་ན།  ཆུ་འཁྱགས་ཀྱིས་གནས་སྐབས་ཙམ་ལ་ལུས་དྲོད་མར་ཆག་པར་བྱེད་པ་མ་གཏོགས་སྐོམ་སེལ་མི་ནུས་ལ།  ཆུ་འཁྱགས་མང་པོ་འཐུངས་ན་ད་དུང་ཕོ་བ་དང་རྒྱུ་མར་ཟུག་སློང་ཐེབས་ནས་རྩ་འཁུམ་པ་དང་གསུས་པ་མི་བདེ་བ་སོགས་འབྱུང་།

གསུམ། ཀ་ར་འདུས་པའི་ཆུ་འཐུང་རྒྱུ་ཉུང་བར་བྱེད་པ།

དབྱར་ཁར་ཚ་བ་ཆེ་བས། མི་མང་པོ་ཀ་ར་འདུས་པའི་བཏུང་བ་སྣ་ཚོགས་འཐུང་བར་དགའ།  ཡིན་ནའང་ཀ་ར་འདུས་པའི་བཏུང་བ་མང་པོ་འཐུངས་ན།  སོ་སྲིན་བསྐྱེད་པ་དང་ཚོ་འབུད་པ།  གཅིན་སྙི་ཟ་ཁུའི་ནད་བསྐྱེད་པ་སོགས་ཀྱི་ཉེན་ཁ་ཡོད་པས།  ཆུ་གཙང་མ་མང་ཙམ་འཐུང་འོས་ཏེ།  ཆུ་གཙང་མས་ནུས་ཚད་ཁ་སྣོན་བྱེད་ཐུབ་པར་མ་ཟད།  བདེ་ཐང་ལ་ཉེན་ཁ་བཟོ་བར་སེམས་ཁུར་ཡང་བྱ་མི་དགོས། 

བཞི། ཆུའི་འཕྲོད་བསྟེན་ལ་དོ་སྣང་བྱེད་པ། 

དབྱར་ཁར་ཚ་བ་ཆེ་ཞིང་མཁའ་དབུགས་ཀྱི་རླན་ཚད་ཆེ་བས།  ཕྲ་སྲིན་སྐྱེ་འཕེལ་བྱེད་པ་མགྱོགས་ལ། ཆུ་ཡུན་རིང་ལ་བཞག་ན་དེའི་ནང་དུ་སྐྱེ་དངོས་ཕྲ་རབ་ཀྱང་འབྱུང་སླ་བ་ཡིན།  དེ་བས།  འཐུང་ཆུ་ལ་མཁའ་དབུགས་ཁྲོད་ཀྱི་སྐྱེ་དངོས་ཕྲ་རབ་ཀྱིས་འབག་བཙོག་མི་བཟོ་བར་བྱ་དགོས།  དམ་བེའི་ནང་གི་ཆུ་འཐུང་སྐབས།  དམ་བེའི་ཁ་ཕྱེ་རྗེས་ལམ་སང་འཐུངས་དགོས་པ་ལས།  ཁ་ཕྱེས་ཏེ་ཡུན་རིང་ལ་འཇོག་མི་རུང་། 

微信图片_20240819095314.jpg


མཉམ་སྤྱོད།