དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཟའ་མཇུག་ལ་གཉིད་ཁ་གསབ་བྱས་ན། སྙིང་ནད་ཕོག་པའི་ཉེན་ཁ་བཅུ་ཆའི་གཉིས་ཀྱིས་ཇེ་དམའ་རུ་འགྲོ་བ།

2024-10-14 15:29:55   |   746

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


1.jpg

གཉིད་ཀྱིས་མ་འདང་ན་ལུས་སེམས་གཉིས་ལ་གནོད་པ་མང་པོ་ཡོད།  ཉེ་ལམ།  ཀྲུང་གོའི་རྒྱལ་ཁབ་སྙིང་རྩའི་ནད་ལྟེ་གནས་དང་ཀྲུང་གོའི་གསོ་རིག་ཚན་རིག་སློབ་གླིང་ཧྥུ་ཕྱི་སྨན་ཁང་གཉིས་ཀྱིས་རྩ་འཛུགས་བྱས་ནས་སྤེལ་བའི་ཞིབ་འཇུག་གསར་བ་ཞིག་ཏུ།  གཉིད་ཀྱིས་མི་འདང་བའི་མི་ལ་གཏམ་བཟང་ཞིག་ཐོན་ཡོད་པ་སྟེ།  གཟའ་མཇུག་ལ་གཉིད་ཁ་གསབ་བྱས་ན།  སྙིང་ནད་ཕོག་ཚད་ཀྱི་ཉེན་ཁ1/5གིས་ཇེ་དམའ་རུ་འགྲོ་བ་རེད། 

ཞིབ་འཇུག་མི་སྣས་དབྱིན་ཇིའི་སྐྱེ་དངོས་འདྲ་དཔེའི་མཛོད་ཀྱི་རྣམ་གྲངས་ལས་ཆ་སྙོམས་ན་ཚོད་ལོ55ཡིན་པའི་ཚོད་ལྟར་ཞུགས་མཁན90903གྱི་འབྲེལ་ཡོད་གཞི་གྲངས་ལ་མ་ལག་ལྡན་པའི་དབྱེ་ཞིབ་བྱས་པ་དང་།  ཁོ་ཚོས་ཚོད་ལྟར་ཞུགས་མཁན་རྣམས་ཀྱི་ལས་ཀའི་ཉིན་མོ་དང་གཟའ་མཇུག་གི་གཉིད་ལོག་པའི་དུས་ཚོད།  ཁྲག་ཆད་པའི་རང་བཞིན་གྱི་སྙིང་ནད་དང་སྙིང་ཤུགས་ཉམས་པ།  སྙིང་ཤག་འདར་འགུལ་སོགས་སྙིང་རྩའི་ནད་བྱུང་ཚུལ་ཟིན་ཐོར་བཀོད་ནས།  དེ་གཉིས་བར་གྱི་འབྲེལ་བར་དཔྱད་དཔོག་བྱས།  ཞིབ་འཇུག་ཁྲོད་དུ་གཉིད་ཀྱིས་མི་འདང་བ་ཞེས་པ་ནི་མཚན་མོའི་གཉིད་ཡུན་ཆུ་ཚོད7ལས་ཉུང་བ་ལ་གོ། 

རུ་ཁག་དེས་ཚོད་ལྟར་ཞུགས་མཁན་རྣམས་གཉིད་ཁ་གསབ་བྱས་པའི་དུས་ཚོད་ཆེས་ཐུང་བ་ནས་ཆེས་རིང་བའི་བར་ཚན་ཆུང4རུ་བགོས་ཤིང་།  ཚན་ཆུང1པོའི་གཉིད་ཁ་གསབ་བྱས་པའི་དུས་ཚོད་ཆེས་ཐུང་བ་དང་ཚན་ཆུང4པ་ཆེས་རིང་བ་ཡིན།  ལོ་ངོ14ལ་རྗེས་འདེད་བཅར་འདྲི་བྱས་པ་ལས་མངོན་པ་ལྟར་ན།  ཚན་ཆུང4པ་ལ་སྙིང་ནད་ཕོག་པའི་སྲིད་ཕྱོད་ནི་ཚན་ཆུང1པོ་ལས19%ཡིས་དམའ་བ་དང་།  གཉིད་ཀྱིས་མི་འདང་བའི་ཚོད་ལྟར་ཞུགས་མཁན་རྣམས་ལ་མཚོན་ན།  གཟའ་མཇུག་ལ་གཉིད་ཁ་གསབ་བྱས་ན་ཕན་འབྲས་དེ་བས་ཆེ་བ་ཡོད།  ཚན་ཆུང4པའི་གཉིད་ཀྱིས་མི་འདང་མཁན་དག་ལ་སྙིང་ནད་ཕོག་པའི་ཉེན་ཁ་ནི་ཚན་ཆུང1པོ་ལས20%ཡིས་དམའ་བ་རེད། 


མཉམ་སྤྱོད།