དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ནུའོ་རུའོ་ནད་དུག་ཚབས་ཆེར་གྱུར་བས་སྔོན་འགོག་འདི་ལྟར་བྱ་དགོས།

2024-12-11 08:48:38   |   128

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


● ནུའོ་རུའོ་ནད་དུག་འགོས་ན་ཇི་ལྟར་སྨན་བཅོས་བྱ་དགོས་སམ།

ནུའོ་རུའོ་ནད་དུག་གི་མྱུར་གཤིས་ཕོ་རྒྱུའི་གཉན་ཚད་ནི་རང་དྲག་རང་བཞིན་གྱི་ནད་ཡིན་པ་དང་།  ནད་གཞི་ཡང་ཞིང་སངས་དྲག་ཏུ་འགྲོ་ཐུབ།

རྒན་རྒོན་དང་ཕྲུ་གུ་དམར་འབྱར་དང་།  དེ་བཞིན་རྨང་གཞིའི་རང་བཞིན་གྱི་ནད་གཞི་ཡོད་མཁན་ལ་མཉམ་བྱུང་ནད་རིགས་ཐོན་པའི་ཉེན་ཁ་ཆེ་ཙམ་ཡོད།

མིག་སྔར་ནུའོ་རུའོ་ནད་དུག་གི་ཕོ་རྒྱུའི་གཉན་ཚད་དྲག་སྐྱེད་དུ་འགྲོ་བའི་སྨན་རྫས་དང་རིམས་འགོག་སྨན་ཁབ་མེད་པས།  དུག་སྲིན་འགོག་སྨན་འཐུང་མི་དགོས་པར་ངལ་གསོ་བ་དང་སྨན་ཆུ་གསབ་པ།  ནད་ཐོག་སྨན་བཅོས་བྱ་རྒྱུ་བཅས་གཙོ་བོར་བྱེད་དགོས།  གལ་ཏེ་ཆུ་སྐམ་པའི་ནད་རྟགས་ཚབས་ཆེ་ཚེ།  དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

1.png

● ནུསོ་རུའོ་ནད་དུག་འགོས་པར་ཇི་ལྟར་སྔོན་འགོག་བྱ་དགོས།

1. མི་སྒེར་ལ་གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཡོད་དགོས།

ཤིང་ཏོག་གི་རིགས་ཟ་ན་གཙང་མར་བཀྲུ་དགོས།  འགྲོན་བུའི་རིགས་ཀྱི་མཚོ་ཟས་ཟ་ན་ངེས་པར་དུ་ཚོས་པོ་བྱེད་དགོས།  ཆུ་ཁོལ་འཐུང་བའམ་འཕྲོད་བསྟེན་ཚད་ལྡན་གྱི་དམ་བླུགས་ཆུ་འཐུང་དགོས། 

ལག་པར་གཙང་སྦྲ་ཡག་པོ་བྱེད་པ་ནི་འགོས་ནད་སྣ་ཚོགས་སྔོན་འགོག་བྱེད་པའི་ཐབས་ནུས་ལྡན་ཞིག་ཡིན།  ལྟོ་མ་བཟས་གོང་དང་གསང་སྤྱོད་དུ་སོང་རྗེས་དང་།  ཟས་རིགས་གཡོ་སྐོལ་མ་བྱས་གོང་བཅས་ལ་འདག་རྫས་སྤྱད་དེ་ལག་པ་གཙང་མར་འཁྲུ་དགོས།  དུག་སེལ་ཤོག་བུ་དང་ལག་པ་བཀྲུ་མི་དགོས་པའི་དུག་སེལ་སྨན་རྫས་ཀྱིས་ལག་པ་བཀྲུ་བའི་ཚབ་བྱེད་མི་ཐུབ།

2.png

2. ནད་རྟགས་མེད་པར་གྱུར་རྗེས་ཆུ་ཚོད72རིང་ངལ་གསོ་དགོས།

ཁྱིམ་སྡོད་ངལ་གསོའི་རིང་ཕྱིར་སྐྱོད་མི་རུང་བ་དང་།  གང་ཐུབ་ཅི་ཐུབ་ཀྱིས་རང་ཉིད་ཀྱི་བཟའ་བཏུང་ཡོ་བྱད་དང་འཚོ་བའི་མཁོ་ཆས་ཁོ་ན་སྤྱོད་དགོས།  ཁྱིམ་མི་དང་ལྷག་པར་དུ་རྒན་རྒོན་དང་ཡང་ན་ཕྲུ་གུ་དམར་འབྱར་དང་འབྲེལ་འདྲིས་དམ་ཟབ་བྱ་མི་ཉན།

3. དུས་བཀག་ལྟར་གཙང་སྦྲ་དང་དུག་སེལ་ཡག་པོ་བྱ་དགོས།

ནུའོ་རུའོ་ནད་དུག་ནི་ཆང་བཅུད་ལ་ཚོར་བ་སྐྱེན་པོ་མེད་པར་བརྟེན།  ནད་དུག་ཡོད་པའི་ཁོར་ཡུག་དང་དངོས་རྫས་ལ་ཁིལ་འདུས་པའི་སྨན་རྫས(དཔེར་ན84དུག་སེལ་གཤེར་ཁུ་སོགས)སྤྱད་དེ་དུག་སེལ་བྱེད་དགོས་པ་དང་།  བཟའ་བཏུང་ཡོ་བྱད་ལ་ཆུང་ཁོལ་ནང་སྐར་མ30རིང་བཙོས་ནས་དུག་སེལ་བྱེད་ཆོག

ད་དུང་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་རྒྱུ་རུ་འཇུག་པ་དང་།  ནད་པའི་སྐྱུག་རོ་གཙང་སེལ་བྱེད་སྐབས་ཁ་རས་དང་ལག་ཤུབས་གྱོན་ནས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས། 


མཉམ་སྤྱོད།