དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

སྙིང་གཟེར།

2024-12-13 14:40:45   |   102

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

སྙིང་གཟེར་ནི་སྙིང་གི་ཁྲག་རྩའི་མྱུར་གཤིས་ནད་ལས་རྒྱུན་མཐོང་གི་རྟགས་འདུས་ནད་ཅིག་ཡིན་ལ། ཕལ་ཆེ་བ་པྲོག་དབྱིབས་འཕར་རྩ་འཇམ་འདྲའི་སྲ་འགྱུར་ལས་རྩ་སྦུབས་དོག་པོར་བཏང་བའི་རྐྱེན་གྱིས་པྲོག་དབྱིབས་འཕར་རྩར་ཁྲག་མ་འདང་བ་དང་། སྙིང་ལ་གནས་སྐབས་སུ་ཁྲག་ཆད་པ་དང་། དབྱང་དབུགས་ཆད་པ་དང་། ཐ་ན་སྙིང་ཤའི་ནང་དུ་འཕོ་ལེན(代谢)ཐོན་དངོས་བསགས་མང་བའམ་ཡང་ན་རྒྱུན་ལྡན་མིན་པའི་འཕོ་ལེན་ཐོན་རྫས་བྱུང་ནས་སྙིང་ནང་གི་ཚོར་བྱེད་དབང་རྩའི་ཚི་སྣ་ལ་ཕོག་ཐུག་བཏང་སྟེ། ཀླད་པའི་སྐྱི་རིམ་ལ་ལྡོག་འཕྲོ་བྱུང་བ་ལས་བསྐྱེད་པའི་ན་ཟུག་གི་ཚོར་བ་བྱུང་བ་དང་།  དེ་དང་མཉམ་དུ་འགྱེད་འཕྲོ་རང་བཞིན་གྱི་ཟུག་གཟེར་འབྱུང་བ་ཡིན།

ནད་རྟགས། 

སྙིང་གཟེར་ལ་དབྱེ་བ་ཤིན་ཏུ་མང་ཡང་། དབྱེ་ན་ངལ་དུབ་རང་བཞིན་གྱི་སྙིང་གཟེར་དང་། རང་འབྱུང་རང་བཞིན་གྱི་སྙིང་གཟེར། མཉམ་བསྲེས་རང་བཞིན་གྱི་སྙིང་གཟེར་བཅས་ཡོད།

1 ངལ་དུབ་རང་བཞིན་གྱི་སྙིང་གཟེར་ནི། ལུས་ཤུགས་ངལ་རྩོལ་དང་། སེམས་འཚབ་པའམ་ཡང་ན་སྙིང་ཤའི་དབྱང་དབུགས་ཀྱི་དགོས་ངེས་ཚད་ཇེ་མང་དུ་གཏོང་ཐུབ་པའི་གནས་ཚུལ་འོག་བསླངས་པ་ཡིན། དེ་ལ་དབྱེ་ན་ཐོག་བྱུང་གི་ངལ་དུབ་སྙིང་གཟེར(ཐོག་མར་སྙིང་གཟེར་གྱི་ནད་བྱུང་སྟེ་ཟླ་གཅིག་མ་འགོར་བ)དང་། བརྟན་བརླིང་སྙིང་གཟེར།( སྙིང་གཟེར་གྱི་ནད་བྱུང་བའི་དུས་ཚོད་དང་། འཁོར་ཡུན། ངལ་དུབ་ཟུག་གཟེར་སློང་བའི་ངལ་དུབ་ཀྱི་ཚད།  ཟུག་གཟེར་གྱི་རང་བཞིན་དང་གནས་ས་རྣམས་ཟླ1ནས3བར་འགྱུར་བ་མེད་པ)སྡུག་འགྱུར་རྣམ་པའི་སྙིང་གཟེར(སྔར་ཡོད་ཀྱི་སྙིང་གཟེར་གྱི་ནད་པ་དེ་ཟླ3གྱི་ནང་ཟུག་གཟེར་གྱི་བྱུང་ཚད་དང་། ཚད་རིམ། དུས་བཅད། སློང་རྐྱེན་སོགས་རྒྱུན་དུ་འགྱུར་ལྡོག་བྱུང་བ་དང་། མདུན་སྐྱོད་རང་བཞིན་གྱིས་ཇེ་སྡུག་ཏུ་འགྲོ་བ་ཡིན)བཅས་ཡོད།

2 རང་འབྱུང་རང་བཞིན་གྱི་སྙིང་གཟེར། འདིའི་ཁྱད་ཆོས་ནི་ཟུག་གཟེར་འབྱུང་བ་དང་སྙིང་ཤའི་དབྱང་དབུགས་དགོས་ངེས་ཀྱི་ཚད་ཇེ་མང་དུ་སོང་བ་ལ་འབྲེལ་བ་མངོན་གསལ་མེད་པ་དང་། ཟུག་གཟེར་ཆེ་ལ། དུས་ཚོད་རིང་བ་དང་། ཟེ་སྐྱུར་མངར་སྣུམ་ལྡན་པའི་སྨན་གྱིས་འཇགས་མི་སླ་བ་ཡིན། དེ་ལ་དབྱེ་ན་ཉལ་ཚུལ་རང་བཞིན་གྱི་སྙིང་གཟེར་དང་། གཞན་འགྱུར་རང་བཞིན་གྱི་སྙིང་གཟེར། དཀྱིལ་གྱི་འདུས་རྟགས་ནད། ཁེགས་ཐོགས་རྗེས་ཀྱི་སྙིང་གཟེར་བཅས་ཡོད།

རང་འབྱུང་རང་བཞིན་གྱི་སྙིང་གཟེར། འདིའི་ཁྱད་ཆོས་ནི་སྙིང་ཤའི་དབྱང་དབུགས་དགོས་ངེས་ཀྱི་ཚད་ཇེ་མང་དུ་འགྲོ་བའི་སྐབས་ལྡང་བ་དང་། ཡང་ན་སྙིང་ཤའི་དབྱང་དབུགས་དགོས་ངེས་ཀྱི་ཚད་མངོན་གསལ་དུ་ཇེ་མང་དུ་མི་འགྲོ་བའི་སྐབས་སུ་ཡང་ལྡང་བ་ཡིན།

རྒྱུན་པར་ང་ཚོས་བརྟན་བརླིང་མིན་པའི་སྙིང་གཟེར་གྱི་ངོས་འཛིན་དེ་ཐོས་ཐུབ་ལ། འདི་ནི་མི་རྣམས་ཀྱིས་ཐོག་བྱུང་ངལ་དུབ་རང་བཞིན་གྱི་སྙིང་གཟེར་དང་། སྡུག་འགྱུར་རང་བཞིན་གྱི་སྙིང་གཟེར་དང་རང་འབྱུང་རང་བཞིན་གྱི་སྙིང་གཟེར་སྣ་ཚོགས་ལ་སྤྱི་མིང་དུ་བརྟན་བརླིང་མིན་པའི་སྙིང་གཟེར་ཞེས་འབོད། དེའི་རྒྱུ་མཚན་ནི་ནད་དེ་ལས་སླ་བའི་སྒོ་ནས་འཕེལ་སྐྱེད་བྱུང་སྟེ་སྙིང་ཤ་ཁེགས་ཐོགས་སུ་འགྱུར་བའམ་ཡང་ན་གློ་བུར་དུ་འཆི་འགྲོ་བ་ཡིན། 

སྙིང་གཟེར་ནད་ནི་པྲོག་སྙིང་ནད་ཀྱི་རིགས་ཤིག་ཡིན་ལ། ཅུང་རྒྱུན་མཐོང་གི་མྱུར་ནད་ཅིག་ཀྱང་ཡིན། གལ་ཏེ་ན་གཞོན་ཞིག་ཡིན་ལ། དེའི་སྟེང་གཅིན་སྙིའི་ནད་དང་ཁྲག་ཤེད་མཐོ་བའི་ནད། ཁྲག་ཚིལ་མཐོ་བའི་ནད་སོགས་རིགས་གཅིག་གམ་མང་པོ་བྱུང་ཡོད་པ་དང་། ཐ་མག་འཐེན་པ་དང་ཆང་འཐུང་བ། ལུས་ཚོ་ཆེ་བ་སོགས་ཡོད་ན། ནད་འདི་བྱུང་བར་དོགས་ཟོན་ནན་མོ་བྱེད་དགོས།

གལ་ཏེ་ངལ་དུབ་ཀྱི་རྗེས་སུ། སེམས་ཁམས་འཚུབ་པའམ་ཡང་ན་རྒྱུ་རྐྱེན་གང་ཡང་མེད་པའི་གནས་ཚུལ་འོག་གློ་བུར་དུ་བྲང་རུས་ཀྱི་རྒྱབ་དང་། སྙིང་མདུན་ནམ་ལྷེན་སྣའི་འོགཏུ་མནན་སྙམ་པའམ་ན་ཟུག་དྲག་པོ་སྐྱེས་པ་སོགས་དང་། སྐབས་རེར་ཕྲག་པ་གཉིས་དང་། དཔུང་པ་གཡོན་པའི་ནང་ཟུར། བྲང་རྒྱབ་སོགས་སུ་འཕྲོས་ཏེ་ན་བ་དང་། ན་ཟུག་དེ་སྐར་མ་འགའི་ནང་བདེ་རུ་འགྲོ་ལ། སྤྱིར་བཏང་དུ་སྐར་མ20ལས་མི་འདའ། གལ་ཏེ་སྐར་མ30ནང་ད་དུང་བདེ་རུ་མ་སོང་ན། ངེས་པར་དུ་སྙིང་ཤ་ཁེགས་ཐོགས་བྱུང་བར་དོགས་ཟོན་བྱེད་དགོས།

སྔོན་འགོག

1 སྙིང་གཟེར་བྱུང་བའི་སྐབས་སྐྲག་དངངས་སྐྱེས་མི་དགོས། མྱུར་དུ་འགུལ་སྐྱོད་ཀྱི་མཚམས་བཞག་སྟེ། ས་གནས་དེ་རུ་ངལ་གསོ་དགོས།

2 ཆ་རྐྱེན་འཇོམས་ན་སྔོན་ལ་ནད་པར་དབྱང་དབུགས་རྔུབ་ཏུ་འཇུག་དགོས།

3 ནད་པའི་ཤེས་པ་དང་དབུགས་ཀྱི་འབྱིན་རྔུབ། རྩའི་འཕར་ཚུལ། ཁྲག་ཤེད་སོགས་ཀྱི་འགྱུར་ལྡོག་ལ་མཉམ་འཇོག་བྱེད་དགོས། ཆ་རྐྱེན་ཡོད་པ་རྣམས་ཀྱིས་སྙིང་གི་གློག་རིས་ཀྱིས་བརྟག་དཔྱད་བྱེད་ཆོག

4 གལ་ཏེ་གོང་གི་ཐབས་ཤེས་འདི་རྣམས་ཀྱིས་ནད་པའི་ན་ཟུག་མཐའ་དག་བདེ་རུ་འབབ་མ་ཐུབ་པའམ་ཡང་ན་ནད་རྟགས་ཡང་ཡང་དུ་བྱུང་བ་དང་། ཡང་ན་ཤེས་པ་དང་འབྱིན་རྔུབ་ལ་འགྱུར་ལྡོག་བྱུང་ན་མྱུར་དུ་སྨན་ཁང་ལ་བསྐྱལ་ནས་གསོ་བཅོས་བྱེད་དགོས། ནད་པ་སྨན་ཁང་དུ་སྐྱེལ་བའི་ཚེ། ཁུར་སྟེགས་བཀོལ་སྤྱོད་བྱེད་དགོས་པ་དང་། སྒོ་ཕྱིར་བུད་དེ་ཐེམ་སྐས་ནས་འབབ་པའི་སྐབས། སྔོན་ལ་ལམ་གྱི་གེགས་སེལ་བ་དང་། རླངས་འཁོར་ལས་འགྲོ་འོང་བྱེད་སྐབས་སེམས་ཆུང་བྱེད་དགོས་ལ། ལམ་དུ་ཅི་ནུས་ཀྱིས་གསིག་སྤྲུག་བྱེད་མི་རུང་། འདི་དག་ནད་པའི་ཚེ་སྲོག་གི་བདེ་འཇགས་ལ་ཐད་ཀར་འབྲེལ་བ་ཆེན་པོ་ཡོད།

5 ཆང་དང་དུ་བ། ཤ་ཚོན་པོ། ཁོང་ཁྲོ་བཅས་སྤང་དགོས་པར་མ་ཟད། ངལ་དུབ་ཆེ་དྲགས་མི་རུང་།

གསོ་ཐབས།

1 གལ་ཏེ་རང་ལ་སྨན་ཨ་སི་ཕི་ལེན(阿司匹林)ཡོད་ན་ཧའོ་ཧྲིན300སྟེན་དགོས་པ་དང་། ཨ་སི་ཕི་རིན་གྱིས་ཁྲག་འཆགས་འགོག་ཐུབ་པ་ཡིན། གལ་ཏེ་ལག་གནས་སུ་སྨན་ཟེ་སྐྱུར་མངར་སྣུམ(硝酸甘油)ཡོད་ན། ལྕེ་འོག་ཏུ་སྨན་ལེབ་མོ་གཉིས་འཇིབ་དགོས་པ་དང་།  ལེབ་མོ་གཅིག་གིས་ཕན་མི་ཐོགས་ན་གཉིས་ནས་གསུམ་བསྟེན་ཀྱང་ཆོག

2 བོད་ལུགས་གསོ་རིག་ལྟར་ན། སྙིང་གཟེར་ལ་རླུང་གཟེར་དང་ཁྲག་གཟེར་གཉིས་ཡོད་པ་ལས། རླུང་གཟེར་ཡིན་ན། སྨན་ལ་ཙན་དན་གསུམ་ཐང་དང་སྙིང་ཞོ་སུམ་ཐང་། ད་ལི་བཅུ་དྲུག  སེམས་བདེ། སེ་འབྲུ་ལྔ་པ། སེ་འབྲུ་དྭངས་གནས། སྲོག་འཛིན་བཅུ་གཅིག་སོགས་འབྲེལ་ཡོད་སྨན་རྣམས་གང་འཚམ་གྱིས་བསྟེན་པ་དང་། ཁྲག་གཟེར་ཡིན་ན་འབྲོང་རྩེ་ཨར་བརྒྱད་དང་། ཨ་གར་ཉི་ཤུ་དང་ཨ་གར་བརྒྱད་པ། ཨ་གར་བཅོ་ལྔ་སོགས་ཨ་གར་རིགས་གང་འོས་དང་རྒྱུད་ཀྱི་སྲོག་འཛིན་བརྒྱད་པ། བྱེ་རིང་སེམས་བདེ། བི་མ་ལ། སྲོག་རླུང་འཇོམས་པའི་རྡོ་རྗེ། སྐྱུ་རུ་ཉེར་ལྔ། ཁྲག་འཁྲུགས་ཀུན་སེལ། རྡོ་རྗེ་རབ་འབྱམས་རྣམས་ཆང་སྐྱུར་དང་རུས་ཁུ་གང་རུང་གིས་དབུལ། ལུད་པར་ཁྲག་མདའ་དོད་པ་དང་མཆིན་པ་ཆེར་རྒྱས་ན་གི་ཙན(གི་ཝང་དགུ་པ་དང་ཙན་དན་བཅོ་བརྒྱད་བསྲེས་པ)ཤིན་ཏུ་ཟབ།


མཉམ་སྤྱོད།