དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁོག་པ་བཤལ་བ་ལ་ངང་ལག་ཟོས་ན་ཕན་པ་ཤེས་སམ།

2024-12-25 15:53:15   |   976

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཁོག་པ་བཤལ་བའི་སྐབས། ཚང་མས་བཟའ་བཏུང་གི་འཛེམ་བྱར་དོ་སྣང་ཆེན་པོ་བྱེད་ཅིང་ངང་ལག་ལ་དེ་བས་ཀྱང་འཛེམ་སྟེ། ངང་ལག་ཁྲོད་དུ་བཟའ་བཅའི་ཚི་སྣ་ཕུན་སུམ་ཚོགས་པས། “རྒྱུ་མ་བཤལ་བའི”ནད་རྟགས་ཇེ་ལྕི་ལ་འགྲོ་བར་འདོད། དོན་དངོས་སུ་འཛེམ་བྱ་དེའི་རིགས་ནི་དགོས་མེད་ཅིག་རེད། 

ཞིབ་འཇུག་མང་པོ་བྱས་པ་ལྟར་ན། བཟའ་བཅའི་ཚི་སྣ་དང་ལྷག་པར་དུ་ཞུ་རུང་རང་བཞིན་གྱི་བཟའ་བཅའི་ཚི་སྣ་ཡིས་ཁོག་པ་བཤལ་བ་ཇེ་དྲགས་སུ་གཏོང་བའི་ནུས་པ་མངོན་གསལ་ཡིན། ངང་ལག་གི་ཁྲོད་མིའི་ལུས་ཕུང་ལ་མཁོ་བའི་ཚད་ཉུང་གཞི་རྒྱུ་དང་འཚོ་རྒྱུ་མང་པོ་འདུས་པས། ནད་པར་ཀ་ར་དང་གློག་འབྱེད་རྫས། ཞུ་རུང་བའི་བཟའ་བཅའི་ཚི་སྣ་སོགས་ཁ་གསབ་བྱེད་ཐུབ། དེའི་ཕྱིར། ཁོག་པ་བཤལ་བའི་སྐབས་སུ་ངང་ལག་འོས་འཚམ་ཟོས་ན་རྒྱུ་མར་ཕན་ཐོགས་ཡོད། 

ངང་ལག་ཁྲོད་ཀྱི་ཐཱན་ཆུ་འདྲེས་སྦྱོར་རྫས་གཙོ་བོ་ནི་སིང་ཕྱེ་ཡིན་པ་དང་སིལ་མངར་གྱི་འདུས་ཚད་ཅུང་དམའ། དེའི་ནང་གི་འདུས་ཚད་དམའ་བའི་མངར་ཆ་མང་པོ་རྒྱུ་མའི་ནང་དུ་ཕན་བསྐྱེད་ཕྲ་སྲིན་སྐྱེ་བ་ལ་མཁོ་བའི་འཚོ་བཅུད་དུ་འགྱུར་ཐུབ་པས། རྒྱུ་ལམ་གྱི་ཁོར་ཡུག་ལེགས་བཅོས་དང་། འཇུ་བྱེད་དང་བསྡུ་ལེན་ལ་སྐུལ་འདེད་གཏོང་ཐུབ། 

ངང་ལག་ཁྲོད་ཀྱི་ཤིང་ཏོག་སྤྱིན་གྱིས་རྒྱུ་མའི་ནང་གི་ཆུ་བསྡུ་ལེན་བྱེད་ཐུབ་པས། བཤང་བ་སྔར་ལས་འགྲུབ་སླ་ལ། བཤང་བ་འདོར་བའི་ཐེངས་གྲངས་ཇེ་ཉུང་དུ་གཏོང་ཐུབ།  

ངང་ལག་ཁྲོད་དུ་ཅཱ་དང་ནཱ། མཱེ་སོགས་གཏེར་དངོས་ཀྱི་འདུས་ཚད་ཅུང་མཐོ། ཁོག་པ་བཤལ་སྐབས་གཏེར་དངོས་འདི་དག་ཤོར་སླ་བས། ངང་ལག་འོས་འཚམ་ཟོས་ན་ཁོག་པ་བཤལ་ནས་ཆུ་དང་ཚྭའི་བརྗེ་ཚབ་འཁྲུགས་པ་སྙོམ་སྒྲིག་ལ་ཕན།


མཉམ་སྤྱོད།