དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྙིང་ནད་ལས་བྱུང་བའི་ཡོམ་འགྱེལ།

2024-12-26 09:33:27   |   970

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

སྙིང་ཁུངས་རང་བཞིན་གྱི་ཡོམ་འགྱེལ་ནི་སྙིང་ནད་བྱུང་སྟེ་སྙིང་ལས་ཕར་བཏང་བའི་ཁྲག་བོངས་ཉུང་བའམ་སྙིང་གི་འཕར་ལྡིང་ཆད་པའི་རྐྱེན་གྱིས་ཀླད་པའི་ཕུང་གྲུབ་ལ་ཁྲག་མ་འདང་བར་བྱུང་བ་ཡིན། རྒྱུན་པར་སྙིང་འགྲོས་འཕྱོ་བ་དང་སྙིང་ཁྲག་གཏོང་བར་གེགས་ཐེབས་པ་སོགས་ལ་བྱུང་བ་མང་།

གཅིག  ཨ་དམ་ལི—སི་ཐོ་ཁེ་སི་རྟགས་འདུས།

རྒྱུན་པར་སྙིང་གི་འཕར་ཕྱོད་དལ་དྲགས(སྐར་མ་གཅིག་ལ་ཐེངས40ལས་ཉུང་བ)པ་དང་། སྙིང་གི་འཕར་མཚམས་ཆད་པ་དང་སྙིང་ཤག་འདར་འགུལ་སོགས་ཀྱི་རྐྱེན་ལས་མྱུར་དུ་ཀླད་པར་ཁྲག་མ་འདང་བར་ཡོམ་འགྱེལ་དང་འདར་འཁུམ་བྱུང་བ་མང་ལ་ནད་ཚབས་ཀྱང་ཆེ།

གཉིས།  ཐོལ་བྱུང་རང་བཞིན་གྱི་སྙིང་འཕར་མགྱོགས་དྲགས་པ།

ནད་པར་ཡོམ་འགྱེལ་མ་བྱུང་བའི་སྔོན་དུ་སེམས་ཁམས་མི་བདེ་བ་དང་དངངས་སྐྲག་སྐྱེས་པ། མགོ་ཡུ་འཁོར་བ། སྐྱུག་མེར་ལངས་པ་སོགས་ཀྱི་ནད་རྟགས་ཡོད། གལ་ཏེ་སྙིང་གི་འཕར་ཕྱོད་མགྱོགས་དྲགས་ཏེ་སྐར་མ་གཅིག་ལ་ཐེངས200ཡན་འཕར་བའི་སྐབས་སུ། ཀླད་པར་མྱུར་དུ་ཁྲག་ཆད་དེ་ཡོམ་འགྱེལ་འབྱུང་བ་ཡིན།

གསུམ།  སྙིང་རྩའི་སྡོང་བོའི་འདབ་མ་དོག་པོར་གྱུར་པ།

ནད་འདི་ནི་རླུང་རླན་རང་བཞིན་གྱི་སྙིང་ནད་དང་། ལྷན་སྐྱེས་ཀྱི་སྙིང་ནད། རྒན་པའི་འཕར་རྩ་འཇམ་འདྲའི་སྲ་གྱུར་སོགས་ཀྱི་རྐྱེན་ལས་བསྐྱེད་པ་དང་། ཕལ་ཆེར་ནད་པའི་བརྒྱ་ཆའི་བཅུ་ཐམ་པ་ནི་ལུས་ཤུགས་འགུལ་སྐྱོད་སོགས་ཤུགས་དྲགས་པ་ལས་ཀླད་པར་ཁྲག་མ་འདང་བར་ཡོམ་འགྱེལ་བྱུང་བ་ཡིན།

གསོ་ཐབས། 

གཅིག  ཨ་དམ་ལི—སི་ཐོ་ཁེ་སི་རྟགས་འདུས།

(1)ནད་པ་མྱུར་དུ་ཤིང་ལེབ་སྲ་མོའི་མལ་ཁྲི་དང་ཐང་བདེ་བར་གན་རྐྱལ་དུ་ཉལ་དུ་འཇུག་པ་དང་། མགོ་དམའ་རུ་གཏོང་བ་དང་། ཁའི་ནང་གི་དངོས་པོ་དང་ཟགས་རྫས་སོགས་གཙང་འབྱིན་བྱེད་དགོས།

(2)མྱུར་སྐྱོབ་མཁན་གྱིས་ལག་པ་ཁུ་ཚུར་བཅངས་ནས་མཐེབ་ཆུང་གི་ཕྱོགས་དེ་ནད་པའི་བྲང་ལྡེབས་སུ་བར་ཐག་ལི་སྨི20ནས30ཡོད་པའི་མཚམས་ཏེ་བྲང་རུས་ཀྱི་དཀྱིལ་དབུས་སུ་ཐེངས1ནས2བརྡེག་དགོས།

(3)དེ་དང་མཉམ་དུ་བྲང་སྟེང་དུ་སྙིང་གི་གནོན་ཐབས(心脏按压术)བྱེད་པ་དང་། ཁ་དང་ཁ་གཏད་དེ་མིས་བཟོས་འབྱིན་རྔུབ་བྱེད་དགོས།

(4)དེ་མ་ཐག་མྱུར་སྐྱོབ་ཀྱི་ཁ་པར120བཏང་སྟེ། མགྱོགས་མྱུར་ངང་ཐག་ཉེའི་སྨན་ཁང་དུ་བསྐྱལ་དགོས།

གཉིས  ཐོལ་བྱུང་རང་བཞིན་གྱི་སྙིང་འཕར་མགྱོགས་དྲགས་པ།

སྙིང་འཕར་ཅུང་མགྱོགས་པའི་སྐབས(སྐར་མ་གཅིག་ལ་ཐེངས140ལས་མང་བ)སུ། དེ་བསྟུན་གྱི་ཐག་གཅོད་བྱེད་དགོས། གཤམ་གྱི་ཐབས་ཤེས་འདི་དག་བསྟེན་ན་སྙིང་འཕར་མགྱོགས་དྲགས་པ་བདེ་རུ་གཏོང་ཐུབ།

(1)སྨན་པས་ནད་པར་དབུགས་ནང་དུ་ཆེར་རྔུབ་སྟེ་བསྡམས་པ་དང་། དེ་ནས་ཤེད་ཀྱིས་ཕྱིར་གཏོང་དུ་འཇུག་དགོས།

(2)མཛུབ་མོ་དང་ཐུར་མ་སོགས་ཀྱིས་གྲེ་བའི་ནང་ཕོག་ཐུག་བཏང་སྟེ། སྐྱུག་མེར་ལངས་པ་དང་སྐྱུགས་སུ་འཇུག་དགོས།

(3)མིག་མནོན་པ། ནད་པ་གན་རྐྱལ་དུ་ཉལ་བཅུག་སྟེ། མིག་བཙུམ་ནས་ཐུར་དུ་བལྟ་བ་དང་། མྱུར་སྐྱོབ་མཁན་གྱིས་མཐེབ་ཆེན་གྱིས་ནད་པའི་མིག་གཅིག་གི་མིག་རུས་ཡས་མཚམས་ནས་མིག་རིལ་སྟེང་དུ་མནོན་པ་དང་། སྔོན་ལ་གཡས་ཕྱོགས་དང་། ཕན་སྐྱེད་མེད་ན་གཡོན་ཕྱོགས་མནོན་དགོས། ཤེད་ཤུགས་ཚོད་བསྟུན་བྱེད་པ་ལས་ཆེར་མི་རུང་། རྒན་པ་དང་གདུང་བའི་མིག་ནད། རབ་རིབ་ཚབས་ཆེ་བ་རྣམས་ལ་ཐབས་འདི་མི་བཀོལ།

(4)ཆ་རྐྱེན་འཛོམས་པ་རྣམས་ཀྱིས་ཨེམ་ཤན་སེམས་བདེ(氨酰心定)ལེབ་མོ་གཅིག (ལེབ་མོ་གཅིག་ལ་ཧའོ་ཁེ12.5)ཉིན་གཅིག་ལ་ཐེངས་གཉིས་རེ་བསྟེན་ཏེ་གསོ་བཅོས་བྱེད་དགོས།

(5)གལ་ཏེ་སྙིང་འཕར་མགྱོགས་དྲགས་པ་ད་དུང་ཚོད་འཛིན་བྱེད་མི་ཐུབ་ན། མྱུར་དུ་སྨན་ཁང་ལ་བསྐྱལ་ནས་གསོ་བཅོས་བྱེད་དགོས།

གསུམ།  སྙིང་རྩའི་སྡོང་བོའི་འདབ་མ་དོག་པོར་གྱུར་པ།

(1)ནད་པ་མྱུར་དུ་བདེ་རུ་ཉལ་འཇུག་པ་དང་། མགོ་དམའ་ལ་རྐང་པ་མཐོ་རུ་གཏོང་དགོས།

(2)སྐེ་དཀྲིས་དང་སྐེ་རགས་སོགས་བཀྲོལ་ཏེ་དབུགས་ཀྱི་རྒྱུ་བ་བདེ་རུ་གཏོང་དགོས།

(3)ཆ་རྐྱེན་འཛོམས་པ་རྣམས་ཀྱིས་དབྱང་དབུགས་རྔུབ་དགོས།

(4)གོང་གི་ཐབས་ཇུས་འདི་དག་བསྟེན་པ་དང་ཆབས་ཅིག སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་པ་དང་། གཤག་བཅོས་བྱེད་ཆོག་མིན་ཐག་གཅོད་བྱེད་དགོས།


མཉམ་སྤྱོད།