དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབུགས་མི་བདེ་བའི་ནད།

2024-12-30 10:13:47   |   947

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

དབུགས་མི་བདེ་བའི་ནད(支气管哮喘)ཅེས་པ་ནི་གློ་བའི་དབུགས་ལམ་གྱི་སྦུ་གུའི་ཡལ་འདབ་ཕྲ་མོ་རྣམས་འཁུམས་ནས་དོག་པོར་གྱུར་པ་དང་། ལུད་པ་འཕེལ་བ་དང་ཚི་བསྐྱེད་ནས་འབྱར་བ་སོགས་ཀྱི་དབུགས་བཀག་པའི་ནད་ཅིག་ཡིན། དེ་ཡང་གླ་ནད་དུས་ཐོག་ཏུ་མ་བཅོས་པའམ་བཅོས་ཉེས་ཤོར་བ། ནད་ཞུགས་ལུས་པ་དང་། ལུས་པོ་འཁྱགས་པ། ངལ་དུབ་ཆེ་བ་སོགས་ཀྱིས་སློང་བ་དང་། གཞན་ཡང་མེ་ཏོག་གི་ཟེའུ་འབྲུ་དང་མན་འབུ།(螨虫) སྨར་སྲིན།(真菌)སྲོག་ཆགས་ཀྱི་བ་སྤུ་སོགས་སྣ་རུ་རྔུབ་པ་དང་། འབུ་ཕྲ་དང་ནད་དུག་གདོད་འབུ།(原虫) འཁྲི་འབུ།(寄生虫)སོགས་ཀྱིས་རེད་པ། ཉ་ཤ་དང་སྒོ་ང་། འོ་མ་སོགས་ཟས་རིགས། འ་སི་ཕི་ལེན་སོགས་སྨན་རིགས། གནམ་གཤིས་འགྱུར་ལྡོག་དང་འགུལ་སྐྱོད་བྱས་པ། མངལ་སྦུམ་པ་སོགས་རྐྱེན་དུ་མས་སློང་སྲིད་པ་ཡིན།

ནད་རྟགས།

གློ་བུར་དུ་བྲང་ཁོག་བསྡམས་པ་དང་། གློ་རྒྱལ་ལངས་པ། དབུགས་སུབ་པ། ལུས་རྔུལ་བ། དབུགས་འབྱིན་རྔུབ་དཀའ་ལ་སོར་སྒྲ་ཐོན་པ། གྱེན་དུ་མི་འཕེལ་བ། དབུགས་འཚངས་ནས་ཉལ་མི་བདེ་བས། ནད་ལོག་ཡང་ཡང་རྒྱག་པ། ད་དུང་ནད་ཚབས་ཆེ་སྐབས་ཡོངས་སུ་དབུགས་འགགས་ནས་རེ་ཞིག་དབུགས་རྒྱུན་ཆད་པ། ལུས་ཁམས་ཀྱི་ཉམས་ཤེད་ཆུང་བ། འཕར་རྩའི་རྒྱུ་བ་བྱིང་ལ་སྟོང་ཤས་ཡོད་པ། དྲི་ཆུའི་ཁ་དོག་དཀར་ཞིང་ལྦུ་བ་གསོབ་པ་བཅས་ཀྱི་མངོན་ཚུལ་འབྱུང་བ་ཡིན།

སྔོན་འགོག

1 སྨན་པའི་མངགས་པ་ལྟར་སྨན་ཚུལ་བཞིན་བསྟེན་པ་ལས།རང་འདོད་ལྟར་སྨན་བསྟེན་མཚམས་འཇོག་པ་དང་བསྟེན་ཚད་ཇེ་ཉུང་དུ་གཏོང་བ་སོགས་བྱེད་མི་རུང་།

2 ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་གོང་དུ་བཤད་པའི་སློང་རྐྱེན་རྣམས་ཐུག་འཕྲད་མི་བྱེད་པ་དང་། འདུག་གནས་ཀྱི་ཁོར་ཡུག་གཙང་ལ་ལྷིང་འཇགས་ཡིན་པ་དང་། ཁང་པའི་ནད་དུ་ཁྱི་དང་མེ་ཏོག་སོགས་གསོ་མི་རུང་།

3 གནམ་གཤིས་འགྱུར་ཆེ་བའི་དུས་སུ་དུས་ཐོག་ཏུ་ལྭ་བ་བརྗེ་བ་དང་། ལུས་འཁྱགས་སུ་འཇུག་མི་རུང་།

4 གློ་བ་དང་གློ་མིག གློ་ཡུའི་ནད་སོགས་དུས་ཐོག་ཏུ་བཅོས་ཏེ་ནད་གཞུག་མི་ལུས་པར་བྱ་བ་དང་། དུ་བ་དང་ཆམ་པ་སོགས་ལ་འཛེམ་དགོས།

གསོ་ཐབས།

1 བོད་ལུགས་གསོ་རིག་ལྟར་ན། སྨན་ལ་ལི་ཤི་བཅུ་གཅིག་དང་གྲུབ་ཐོབ་རིལ་དཀར། རྒུན་འབྲུམ་བདུན་པ། སྤང་རྒྱན་བཅུ་པ། སྤང་རྒྱན་བཅོ་ལྔ། ཨ་གར་བཅོ་ལྔ་སོགས་རྒྱུན་སྤྱོད་སྨན་སྦྱོར་གང་འཚམ་གཏོང་དགོས།

2 ཟས་སྐོམ་གྱིས་བཅོས་པ་ལ། མར་གསར་དང་ཞོ་སྤྲིས། ཉ་ཤ་ལྟ་བུ་རླན་གནས་ཀྱི་ཤ་སོགས་མདོར་ན་ཟས་སྐོམ་གསར་བཅུད་རིགས་ཀྱིས་ལུས་ཟུངས་གསོས་ཏེ་ལུས་ཁམས་ཀྱི་ནད་འགོག་ནུས་ཤུགས་ཆེ་རུ་གཏོང་བ་བཅོས་ལ་བརྟེན་ནས་གསོ་དགོས། ཕྱི་ལུགས་གསོ་རིག་ལྟར་ན། ཟས་སུ་ཤ་སྣག་དང་ཕག་མཆིན། ཕག་རུས། སྒོང་སྤྲི། ཁྱིམ་བྱའི་ཤ སྲན་ཆེན་དང་སྲན་ལས་བཟོས་པའི་ཟས་རིགས།(豆制品) ཀེའུ།(韭菜) ལྕ་ཚལ།(芹菜) ནན་ཀྭ།(南瓜) ལ་ཕུག ཙོལ་རིལ། སྔོ་ཚལ། སྲན་ཐུད།(豆腐) ཀུ་ཤུ། ཤིང་ཏོག་ལེ།(梨)སོགས་འཕྲོད་པ་ཡིན།


མཉམ་སྤྱོད།