དེ་རིང་ནི2025ལོའི་ཟླ06པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མྱུར་གཤིས་མཁལ་ཕོར་མཁལ་ཚད།

2025-02-10 15:56:28   |   1087

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མཁལ་ཕོར་མཁལ་ཚད་ནི་གཅིན་ལམ་རེད་པའི་ཆེས་རྒྱུན་མཐོང་གི་ནད་ཅིག་ཡིན། གཅིན་ལམ་རེད་པ་ལ་གཅིན་ལམ་གོང་མ(མཁལ་ཕོར་མཁལ་ཚད)རེད་པ་དང་གཅིན་ལམ་འོག་མ(གཅིན་ལམ་ཚ་ནད་དང་ལྒང་བའི་ཚ་ནད)རེད་པ་གཉིས་ཡོད། གཅིན་ལམ་འོག་མ་རེད་པ་ནི་ཁེར་རྐྱང་དུ་འབྱུང་ལ། གཅིན་ལམ་གོང་མ་རེད་པ་ནི་གཅིན་ལམ་འོག་མ་རེད་པ་དང་མཉམ་དུ་འབྱུང་བ་ཡིན། ནད་འདི་བུད་མེད་ལོ་ཉི་ཤུ་ནས་བཞི་བཅུ་མཚམས་སུ་འབྱུང་མང་བ་ཡིན། ནད་ཀྱི་འཇུག་ལམ་ནི་ཐོག་མར་གཅིན་ཁ་ནས་ལྒང་བའི་ནང་དུ་འཇུག་སྟེ་ལྒང་བའི་ཚ་ནད་བསྐྱེད་པ་དང་། དེ་ནས་གྱེན་དུ་གཅིན་འདྲེན་སྦུ་གུ་ནས་མཁལ་མར་བྱེར་ཏེ། མཁལ་ཕོར་མཁལ་ཚད་བསྐྱེད་པ་ཡིན།

ནད་རྟགས།

ཚ་བ་རྒྱས་ཏེ་སྟེ་ལུས་དྲོད་ཏུའུ38རལ་སླེབས་ལ། དེ་དང་མཉམ་དུ་གྲང་ཤུམ་བྱེད་པ། ལུས་ཡོངས་མི་བདེ་བ། མགོ་ན་བ། ཟས་ལ་ཡི་ག་མེད་པ། སྐྱུག་མེར་ལངས་པ། སྐྱུག་པ། གཅིན་སྙི་བ་དང་གཅིན་འཚབ་པ་དང་། གཅིན་ཁ་ཚ་བ་དང་རྐེད་པ་ན་བ། མཁལ་སྐེད་མི་བདེ་བ། གཅིན་ལམ་གོང་མར་གནོན་ཟུག་ཡོད་པ། མཁལ་སྐེད་དུ་བརྡུང་ན་ན་བ། ལྒང་བར་མནན་ན་ན་བ་ཡིན།

སྔོན་འགོག

ཟས་སྐོམ་ཚ་སྐྱུར་དང་དྲོད་བཅུད་ཅན་དང་། མངར་སྐྱུར་གྱི་རིགས་སྣ་ཚོགས་སྤང་དགོས་པ་དང་། སྤྱོད་ལམ་འཁྲིག་སྤྱོད་དང་རྩོལ་བ་དྲག་པོ་བྱེད་པ་སྤང་དགོས།

གསོ་ཐབས།

1 འོས་འཚམ་གྱིས་ངལ་གསོ་བ་དང་། ཆུ་མང་དུ་འཐུང་སྟེ་གཅིན་པ་མང་དུ་གཏོང་དགོས།

2 ཁོང་དུ་སྲིན་འགོག་རྒྱུ་བསྟེན་ཆོག དཔེར་ན། ཟི་ཨེན(磺胺)རིགས་དང་ཁུས་ནོའོ་ཐོང(喹诺酮)རིགས། སེ་ཧྥེ(头孢)རིགས་དང་ཕེ་ནི་སི་ལིན(青霉素)སོགས་བསྟེན་རྒྱུ།

3 བོད་ལུགས་གསོ་རིག་ལྟར་ན། ཚ་བ་སེལ་ནས་གཉན་ཁ་གཅོག་རྒྱུ་དང་མཁལ་ནུས་སྲུང་འཛིན་བྱ་རྒྱུ་གཙོ་བོ་ཡིན་པས། སྨན་དུ་ཨ་རུ་བཅུ་པ་དང་ཨ་རུ་བཅོ་བརྒྱད། པད་རག་མདོག་ལྡན། ཨ་བྲག་བཅུ་དགུ(ཨ་རུ་བཅུ་པ་དང་བྲག་ཞུན་དགུ་པ་བསྲེས་པ)པག་རག་མདོག་ལྡན། སཱར་ཁྱུང་། ཁྱུང་ལྔ། ཡང་ན་ཨ་རུ་བཅུ་པ་དང་ཁྱུང་ལྔ་བསྲེས་པ་སོགས་གང་འཚམ་བསྟེན་པ་དང་། ཚ་བ་སེལ་ནས་གཉན་ཁ་འཇགས་མཚམས་ལ་སྨན་ཉི་ཁྱུང་དང་སུག་སྨེལ་བཅུ་པ། ལྷ་ལུང་། ཨ་བྲག་བཅུ་དགུ་སོགས་བསྟེན་དགོས།

4 ཟས་ཀྱི་སྤང་བླང་ལ། ཚྭ་དང་སྲན་མ་ཆེ་ཆུང་། སྲན་ལས་བཟོས་པའི་ཟས་རིགས་རྣམས་མི་འཕྲོད་ལ། སྒོ་ང་དང་འོ་མ། ཤ་སྣག ལོ་ཏོག སྐྱེ་དངོས་སྣུམ།(植物油)  སྔོ་ཚོད། སིལ་ཏོག་གི་རིགས་རྣམས་འཕྲོད་པས་གང་འཚམ་བསྟེན་ཆོག


མཉམ་སྤྱོད།