དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཁྲིས་པའི་རྡེའུ་སྐྲན།

2025-01-24 08:48:16   |   853

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

མཁྲིས་སྣོད་ཚ་ནད་དང་མཁྲིས་པའི་རྡེའུ་སྐྲན་ལ་རྒྱུན་དུ་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད། མཁྲིས་སྣོད་ཚ་ནད་མང་ཆེ་བར་སྔོན་དུ་མཁྲིས་པའི་རྡེའུ་སྐྲན་ཡོད་པ་དང་། རྡེའུ་སྐྲན་གྱིས་མཁྲིས་སྣོད་ཀྱི་སྦུ་གུ་ཁེགས་ཤིང་ཐོགས་པའི་སྐབས་སུ།། མཁྲིས་ཁུ་བསགས་ཤིང་ཕྲ་སྲིན་འཕེལ་སྐྱེ་བྱུང་སྟེ། གནས་དེ་རེད་ནས་མཁྲིས་སྣོད་ཀྱི་ཚ་ནད་བྱུང་བ་ཡིན། དེ་ཡང་ཁ་ཤས་ཤིག་རྡེའུ་སྐྲན་མེད་པའི་རང་བཞིན་གྱི་མཁྲིས་སྣོད་ཚ་ནད་ཡིན། དེ་ནི་མཁྲིས་སྣོད་ཀྱི་ནུས་པ་རྒྱུན་ལྡན་མིན་པར་སྟོང་འབུད་ཀྱི་ནུས་པར་བར་ཆད་བྱུང་བའམ་ཕྲ་སྲིན་ཁྲག་གི་འཁོར་སྐྱོད་ལ་གཏོར་བ་ལས་བྱུང་བ་ཡིན།

ནད་རྟགས། 

གསུས་གཡས་སྟེང་དུ་རྒྱུན་མཐུད་དེ་ན་བ་དང་། ལྡང་དུབ་རང་བཞིན་གྱིས་ཇེ་སྡུག་ཏུ་འགྲོ་བ། ཕྲག་གཡས་གོང་ལ་འཕྲོས་ནས་ན་བ་དང་། དེ་དང་མཉམ་དུ་གསུས་གཡས་སྟེང་ལ་མངོན་སུམ་གྱི་གནོན་ཟུག་ཡོད། ཚད་མི་འདྲ་བའི་ཚ་བརྒྱག་པ་དང་ལུས་རིད་པ་ཡིན། ནད་འདི་མང་ཆེ་བ་ཟས་འགྲངས་པ་དང་ལྷག་པར་དུ་སྣུམ་ཚིལ་གྱི་ཟས་རིགས་ཟོས་དྲགས་ན་ལྡང་བ་ཡིན།

སྔོན་འགོག

ཟས་སུ་ཤ་ཆང་དང་མར་རྙིང་། བུ་རམ། དྲོད་བག་གནོད་པས་སྤང་དགོས་པ་དང་།

གསོ་ཐབས། 

1 ན་ཟུག་ཅུང་ཆེ་བ་ལ་ཨ་ཐོན་ཕིན་ལེབ་མོ1(ལེབ་མོ་རེར་ཧའོ་ཁེ0.5)རེ་ཉིན་གཅིག་ལ་ཐེངས3རེ་བསྟེན་པའམ། ཡང་ན་ཟེ་སྐྱུར་མངར་སྣུམ(硝酸甘油)ལེབ་མོ1(ལེབ་མོ་རེར་ཧའོ་ཁེ0.5)རེ་ལྕེ་འོག་ཏུ་མུར་སྟེ་གསོ་བ་དང་། དེས་འཇམ་འདྲེད་ཤའི་རྩ་འཁུམས་ཞི་ཐུབ།

2 ཁྱིམ་མིས་སྲུབ་འབྲད་ལེབ་མོའམ་སོ་མང་གི་ལྟག་རྒྱབ་ལ་སྣུམ་མམ་ཆང་དཀར་བསྐུས་ཏེ་ནད་པའི་ལྟོ་བ་དང་སྒལ་ཚིགས། རྐང་བའི་རྗེ་ངར་ཕྱི་གཞོགས་སུ་འབྲུད་པ་དང་། པགས་པ་དམར་ཁྲར་འགྱུར་མཚམས་སུ་བྲུད་ན་མཁྲིས་གཟེར་གྱི་ན་ཟུག་ཞི་ཐུབ།

3 གལ་ཏེ་ན་ཟུག་ཆེ་བ་དང་རྒྱུན་མཐུད་དེ་བདེ་རུ་མི་འབབ་པ་དང་། ཡང་ན་དེ་དང་མཉམ་དུ་མཁྲིས་སེར་དང་ཚ་བརྒྱག་པ་ཡིན། དེ་ལྟ་བུ་ནི་དུས་ལྟར་སྨན་ཁང་དུ་སོང་སྟེ་ཕྱི་ནད་ཚན་ཁག་ཏུ་གསོ་བཅོས་བྱེད་དགོས།

4 བོད་ལུགས་གསོ་རིག་ལྟར་ན། སྤྱིར་སྨན་དུ་གར་ནག་བཅུ་པ་དང་གསེར་མདོག་བཅུ་གཅིག སེ་འབྲུ་དྭངས་གནས། གསེར་མདོག་ལྔ་པའི་སྟེང་འགྲོན་བུའི་ཐལ་བ་བསྣན་པ་སོགས་ནད་རྟགས་དང་བསྟུན་ནས་གང་ལ་དེ་འཚམ་གྱིས་བེད་སྤྱོད་བྱེད་དགོས་ཤིང་། མདོར་ན་མཁྲིས་པའི་རྡོ་སྐྲན་གྱི་ནད་འདིར་གར་ནག་གི་སྦྱོར་བའི་རིགས་དང་། དྭངས་བཙོ་ལྟ་བུ་སེ་འབྲུའི་སྦྱོར་བ་རྣམས་དང་ལྟག་སྤྲོད་ཀྱིས་གཏོང་བ་དང་། སྐབས་སྐབས་སུ་ཏིག་ཏ་བརྒྱད་པ་བསྟེན་ཞིང་། རུ་ཐུང་དང་མཁྲིས་རྩ་ཕྲན་བུ་གཉིས་ལ་ཅུང་ཟད་གཏར་རྗེས་དཔྱད་དུ་ཚིགས་པ་བརྒྱད་པ་དགུ་པ། བཅུ་གཉིས་པ་དང་ཕོ་གསང་རྣམས་སུ་མེས་བསྲེག་པས་ཕན་སྐྱེད་ཆེན་པོ་ཡོད།

5 ཟས་སྤྱོད་ཀྱིས་བཅོས་པ་ལ། བོད་ལུགས་གསོ་རིག་ལྟར་ན། བ་རའི་ཞོ་དང་དར་བ། མར་གསར། རི་དྭགས་ཀྱི་ཤ་དང་བ་ལང་གི་ཤ ར་ཤ སྐམས་ཤ་གསར་པ། ཁུར་མོའི་ཚོད་མ། ཚྭ་སྡོར་མེད་པའི་ཐུག་པ་སླ་མོ། གངས་ཆུ་བསིལ་མོ། བསྐོལ་གྲངས་རྣམས་འཕྲོད་ལ། ཙི་ཏྲ་ཀ་དང་ན་ལེ་ཤམ་སོགས་རོ་ཚ་བའི་ཟས་དང་། ལོ་མར་དང་འབྲུ་མར་སོགས་སྣུམ་ལ་ལྕི་བའི་ཟས་རིགས་དང་། རྙིང་ཞིང་ལོ་ལོན་པ་དང་སྐྱུར་བོ་དང་ལྕུམ་རྩ་སོགས་རོ་སྐྱུར་བའོ་ཟས་རིགས་གནོད་པས་སྤང་དགོས་པ་ཡིན། ཕྱི་ལུགས་གསོ་རིག་ལྟར་ན། མར་དང་ཕག་ཚིལ། སྐམས་ཚིལ། སྣུམ་བཙོས་ཀྱི་ཟས་རིགས་སྤང་དགོས་པ་དང་། སྤྲིས་མ་ལངས་པའི་འོ་མ་དང་བྱ་ཤ ཉ་ཤ ཕག་ཤ་ཚིལ་མེད་པ། ནོར་ལུག་གི་ཤ་སྣག རི་བོང་གི་ཤ སྒོང་སྤྲི། སྔོ་ཚོད། སིལ་ཏོག སྲན་བཤོས།(豆制品)སྐྱེ་དངོས་སྣུམ། སྦྲང་རྩི། བུ་རམ་སོགས་འཕྲོད་པ་ཡིན།

སྤྱོད་ལམ་མེ་ཉིར་བསྲོ་བ་དང་ཞེ་སྡང་ལངས་པ། དྲག་ཤུལ་གྱི་ལས་རྣམས་སྤང་བ་དང་། ཡིད་དུ་འོང་བའི་སྙན་ཚིག་སྨྲ་བ་དང་བསིལ་གྲིབ་ཀྱི་གནས་སུ་དལ་བར་འདུག་པ། ཁྲུས་བྱ་བ་དང་མགོ་བཀྲུ་བ། གོས་གསར་དྲི་མེད་བགོ་དགོས།


མཉམ་སྤྱོད།