དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལོ་སར་ཚོང་ཟོག་ཉོ་སྐབས་ཀྱི་མཉམ་འཇོག་བྱ་ཡུལ།

2025-01-23 10:59:25   |   2333

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གཅིག བདེ་ཐང་གཙིགས་སུ་འཛིན་དགོས། ཚད་ལྡན་གྱི་བརྒྱུད་ལམ་དང་ཚད་ལྡན་གྱི་བཟོ་གྲྭ་ནས་ཐོན་པའི་ཚོང་ཟོག་ཉོ་བ་དང་། ཟས་རིགས་ཀྱི་ཐོན་སྐྱེད་དུས་ཚོད་དང་རྒྱུ་སྤུས་ཁག་ཐེག་དུས་ཡུན། ཉར་ཚགས་ཀྱི་བླང་བྱ་སོགས་ལ་མཉམ་འཇོག་བྱ་དགོས། ཟས་རིགས་ཉོ་སྐབས་ཀ་ར་དང་སྣུམ། ཚྭ་ཁུ་བཅས་ཀྱི་འདུས་ཚད་མཐོ་བའི་ཟས་རིགས་མང་པོ་མ་ཉོས་ན་བཟང་སྟེ། དཔེར་ན་ཀ་ར་དང་ཞོག་ཁོག་ལེབ་མོ། ཀ་ར་གོ་རེ། ཕག་ཤ་བསྙལ་མ་དང་ཕག་རྒྱུ་བསྙལ་མ་སོགས་ལྟ་བུ། བདེ་ཐང་གི་ཟས་རིགས་ལ་མཁྲེགས་འབྲས་དང་སིལ་ཏོག་ལྟ་བུ་ཡོད། གཞན་ཡང་རབ་ཡིན་ན་ཐུམ་སྒྲིལ་ཆུང་ངུ་དང་དངོས་པོ་གཅིག་རེ་ཐུམ་སྒྲིལ་བྱས་པའི་ཚོང་ཟོག་ཉོ་འོས་ཏེ། དཔེར་ན་སྲང5ཅན་གྱི་སྣུམ་འགྱིག་སྣོད་ཆེ་བ་གཅིག་ལས། སྣོད་ཆུང་ངུ་ཅན་འགའ་ཉར་ཚགས་དང་བེད་སྤྱོད་བྱེད་བདེ་བ་ལྟ་བུའོ། །

གཉིས། འཕྲོད་བསྟེན་གཙིགས་སུ་འཛིན་དགོས། ལོ་སར་གྱི་ཚོང་ཟོག་ཉོ་སྐབས་དོ་དམ་ཚད་ལྡན་ཡིན་པའི་ཚོང་ར་དང་སྒོ་རྩིས་ཚོང་ཁང་། ཞིང་ལས་ཐོན་རྫས་ཁྲོམ་ར་སོགས་ནས་ཉོ་དགོས་ཤིང་། ཚོང་ཟོག་ཉོ་སྐབས་མི་སྒེར་གྱི་འགོག་སྲུང་ལ་དམ་འཛིན་ལེགས་པོ་བྱེད་པ་དང་། ཁྱད་པར་དུ་ལག་པའི་གཙང་སྦྲ་ལ་དོ་སྣང་བྱ་དགོས། ཁྱིམ་ལ་བསླེབས་རྗེས་ཚོང་ཟོག་གི་ཕྱི་ཐུམ་ལ་དུག་སེལ་བྱ་དགོས་ལ། དམར་ཟས་ཀྱི་རིགས་དང་སྔོ་ཚལ། ཟས་རིགས་བཙོས་མ་སོགས་ལོགས་སུ་བཀར་ནས་འཇོག་འོས། མི་ཚོགས་མང་སར་ཡུན་རིང་སྡོད་པའི་དུས་ཚོད་ཇེ་ཉུང་དུ་གཏོང་ཆེད། སྔོན་ལ་ཉོ་སྒྲུབ་རྩིས་ཐོ་ཞིག་བཟོས་ཏེ་ཉོ་དགོས་པའི་དངོས་པོ་རྣམས་རྩིས་ཐོར་བཀོད་ཆོག ཁུག་མ་རང་གིས་ཁྱེར་ན་ཁོར་སྲུང་ལ་ཕན་པར་མ་ཟད་ནད་རིགས་འགོས་ཚད་ཀྱང་ཇེ་ཉུང་དུ་གཏོང་ཐུབ། གཞན་དྲ་ལམ་ནས་དངོས་པོ་ཉོ་ན། བསྐུར་དངོས་ལེན་སྐབས་ཕྱི་ཐུམ་དང་ལག་པར་དུག་སེལ་བྱ་རྒྱུ་གལ། 

གསུམ། ལྗང་མདོག་གཙིགས་སུ་འཛིན་དགོས། ལོ་སར་ཚོང་ཟོག་ཉོ་སྐབས་ལུགས་མཐུན་གྱིས་ཉོ་དགོས་པ་ལས་ཧོལ་རྒྱུགས་འཛད་སྤྱོད་བྱས་ཏེ་མཁོ་མེད་ཀྱི་དངོས་པོ་ཉོ་མི་འོས། ལྷག་པར་དུ་ཟས་རིགས་སོགས་ཉོ་རྒྱུ་མང་དྲགས་ཚེ་ཟོས་མི་ཚར་བའམ་ཡང་ན་བཟའ་རྒྱུ་མང་འགྲོ་བས། དེ་ཀུན་བདེ་ཐང་ལ་གནོད། རུལ་སླ་བའི་སིལ་ཏོག་དང་སྔོ་ཚལ། ཤ་རིགས། སྒོ་ང་སོགས་རབ་ཡིན་ན་དྲོད་ཚད་དམའ་སར་ཉར་ཚགས་བྱེད་པའམ། ཡང་ན་ཉོས་མ་ཐག་ཟོས་ཚེ་ཆེས་ལེགས་པའི་བྲོ་མཆོག་སྲུང་འཛིན་བྱེད་ཐུབ་པ་ཡིན། 

ང་ཚོས་ལྗང་མདོག་འཛད་སྤྱོད་དང་ལུགས་མཐུན་ངང་ལོ་སར་གྱི་ཚོང་ཟོག་ཉོ་བར་འབོད་སྐུལ་བྱས་ཏེ། བརྩོན་སྲི་གྲོན་ཆུང་གི་སྲོལ་བཟང་དར་སྤེལ་གཏོང་དགོས། 


སྐབས་སྔོན་མ། མཁྲིས་སྣོད་ཚ་ནད།
སྐབས་རྗེས་མ། མཁྲིས་པའི་རྡེའུ་སྐྲན།
མཉམ་སྤྱོད།