དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཅིན་འགགས་ཀྱི་ནད།

2025-02-20 16:41:29   |   1096

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

གཅིན་འགགས་ཀྱི་ནད་ཟེར་བ་ནི་ལྒང་པ་དང་མདུན་ཆགས་གཤེར་རྨེན་ལ་ནད་འགྱུར་བྱུང་བ་དང་རྡེའུ་སྐྲན་བྱུང་བ། ཕྱི་རྐྱེན་གྱིས་རྨས་པ་སོགས་ཀྱིས་གཅིན་ལམ་བཀག་ཏེ་དུས་ཐོག་ཏུ་འདོར་མི་ཐུབ་པར་འགགས་པའི་ནད་ཅིག་ཡིན།

ནད་རྟགས། 

གཅིན་པ་གཏོང་འདོད་ཆེ་ཡང་ལྒང་བའི་ནང་ཁེངས་ནས་དུས་ཐོག་ཏུ་འདོར་མི་ཐུབ་པ་དང་། སུན་སྣང་ཆེ་ཞིང་བློ་མི་བདེ་བ། འཁུན་སྒྲ་འབྱིན་པ། ལྒང་བར་གནོན་བཙིར་ཡོད་པ། རྒྱུ་སྨད་སྦོས་སྙམ་དང་། གཅིན་ལམ་ལ་ན་ཟུག་གཏོང་བ། ཡང་ན་གཅིན་པ་ཉུང་ཉུང་ལས་མི་འབབ་པ་དང་། གཏོང་དུས་ཀྱང་འབབ་དཀའ་བ། ཆུ་ཁར་ཚ་ཤར་རྒྱག་པ། དྲི་ཆུའི་མདོག་དཀར་སེར་རམ་ཡང་ན་དམར་མདངས་ཡོད་པ་ཡིན།

སྔོན་འགོག 

གཅིན་པ་གཏོང་བའི་དུས་ལ་མ་བབས་ཀྱང་ནན་གྱིས་བཙིར་བ་དང་། ཡང་ན་ཡོད་ཀྱང་མ་བཏང་བར་ནན་གྱིས་བཀག་པ་སོགས་ལོག་པའི་སྤྱོད་ལམ་སྤང་བ་དང་། ལྒང་བ་དང་མདུན་ཆགས་གཤེར་རྨེན་གྱི་ནད་བྱུང་ན་སྔ་མོ་ནས་གསོ་བཅོས་བྱས་ཏེ་སངས་དྲག་ཏུ་འགྲོ་བར་བྱ་དགོས།

གསོ་ཐབས། 

བོད་ལུགས་གསོ་རིག་ལྟར་ན། གཉན་ཁ་དང་ན་ཟུག་གཅོག་བྱེད་ཀྱི་སྨན་ཨ་རུ་བཅུ་པ་དང་། བྲེ་ག་བཅུ་གསུམ། སུག་སྨེལ་བཅུ་པ། སཱར་ཁྱུང་། དེ་མིན་སྤྱི་འཇོམས་རྡོ་རྗེ་ཅན་དང་། གསེར་བྱེ་བརྒྱད་པ། གཟེ་མ་གསུམ་ཐང་། སེ་འབྲུ་ཉི་དཀྱིལ། རིན་ཆེན་ཚ་སྦྱོར་ཆེན་མོ་སོགས་ནད་རྟགས་དང་བསྟུན་ནས་གང་ལ་དེ་འཚམ་བསྟེན་པ་དང་། རྒྱ་ཚྭ་ཞིབ་བཏགས་བྱས་པའི་ཕྱེ་མ་སྣོད་དུ་བཅུག་སྟེ་གཅིན་ལམ་ནས་ཡར་བཏང་ན་གཅིན་འགགས་ཀྱི་ནད་ལ་མཆོག་ཏུ་ཕན།


སྐབས་སྔོན་མ། གཅིན་ལམ་རེད་པ།
སྐབས་རྗེས་མ། རྐེད་རྩ་འཆུས་པའི་ནད།
མཉམ་སྤྱོད།