དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཅིན་ལམ་རེད་པ།

2025-02-19 15:34:57   |   1272

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

གཅིན་ལམ་རེད་པ་ནི་འབུ་ཕྲས་ཐད་ཀར་གཅིན་ལམ་དུ་གནོད་སྐྱེལ་བའི་ནད་ཅིག་ཡིན། འདི་ལ་གཅིན་ལམ་གོང་མ(མཁལ་ཕོར་མཁལ་ཚད)རེད་པ་དང་གཅིན་ལམ་འོག་མ(གཅིན་ལམ་ཚ་ནད་དང་ལྒང་བའི་ཚ་ནད་ལྟ་བུ)རེད་པ་གཉིས་ཡོད།

ནད་རྟགས། 

གཅིན་ལམ་གོང་འོག་གི་རེད་ཚུལ་མི་འདྲ་བར་བལྟས་ནས་ནད་རྟགས་མི་འདྲ་བ་དུ་མ་སྟོན་ཏེ།

1 མྱུར་གཤིས་མཁལ་ཕོར་མཁལ་ཚད། ནད་བྱུང་མྱུར་ལ་རྟགས་སུ་གྲང་ཤུམ་བྱེད་པ། ཚ་བ་རྒྱག་པ། ལུས་ཡོངས་མི་བདེ་བ། མགོ་ན་བ། ཟས་ལ་ཡི་ག་མེད་པ། སྐྱུག་མེར་ལངས་པ། སྐྱུག་པ། གཅིན་སྙི་བ། གཅིན་འཚབ་པ། གཅིན་ཁ་ཚ་བ། རྐེད་པ་ན་བ། མཁལ་སྐེད་མི་བདེ་བ། གཅིན་ལམ་གོང་མར་གནོན་ཟུག་ཡོད་པ། མཁལ་སྐེད་ལ་བརྡུང་ན་ན་བ། ལྒང་བར་མནན་ན་ན་བ་ཡིན།

2 དལ་གཤིས་མཁལ་ཕོར་མཁལ་ཚད། ནད་རྟགས་ཕལ་ཆེར་མྱུར་གཤིས་མཁལ་ཕོར་མཁལ་ཚད་དང་འདྲ་ཡང་། ནད་ཚབས་དེ་བས་ཡང་བ་དང་ཚ་རྒྱག་པ་དང་ལུས་ཡོངས་མི་བདེ་བ་དང་མགོ་ན་བ་སོགས་མེད། གཅིན་སྙི་བ་དང་གཅིན་འཚབ་པ། གཅིན་ཁ་ཚ་བའི་མངོན་རྟགས་མི་གསལ། ལུས་སྐྲངས་པ་དང་ཁྲག་ཤེད་མཐོ་བ་ཡིན།

3 གཅིན་ལམ་ཚ་བ་དང་ལྒང་བའི་ཚ་ནད། གཅིན་སྙི་བ་དང་གཅིན་འཚབ་པ། གཅིན་ཁ་ཚ་བ་དང་ལྒང་བའི་མཚམས་སུ་མནན་ན་ན་བ་དང་། གཅིན་ལམ་ནས་ཆུ་སེར་དང་རྣག་ཟགས་པ་ཡིན།

སྔོན་འགོག

མཚན་མའི་གནས་སུ་གཙང་སྦྲ་བཟང་བོ་བྱེད་པ་དང་། ནད་པ་བུད་མེད་ཡིན་ན་ཟླ་མཚན་འབྱུང་བའི་སྐབས་སུ་འཁྲིག་པ་མི་སྤྱོད་པ་དང་གཙང་ཤོག་བེད་སྤྱོད་བྱེད་པ། མཚན་མའི་ནད་ཡོད་པ་དང་མཉམ་དུ་ཉལ་བོ་བྱེད་མི་རུང་།

གསོ་ཐབས།

1 དེང་རབས་གསོ་རིག་ལྟར་ན། འབུ་ཕྲ་ལ་སྨན་གྱིས་གསོ་བ་དང་། སྤྱིར་བཏང་ངལ་གསོ་བ་དང་ཆུ་མང་དུ་བསྟེན་ནས་ཉིན་གཅིག་ལ་གཅིན་ཧའོ་ཧྲིན2000ཡན་འབབ་ཏུ་འཇུག་དགོས།

2 བོད་ལུགས་གསོ་རིག་ལྟར་ན། སྨན་དུ་ལྕམ་ཐང་དྲུག་པ་དང་ཨ་རུ་བདུན་པ། སྐྱེར་ཤུན་བརྒྱད་པ། སཱ་རའི་བྱ་ཁྱུང་འཛག་སྡོམ། པད་རག་མདོག་ལྡན། གླ་རྩི་ལྔ་པ་སོགས་གཏོང་རྒྱུ།


མཉམ་སྤྱོད།