དེ་རིང་ནི2025ལོའི་ཟླ04པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྣ་དབང་ལ་གནོད་པའི་གོམས་གཤིས་འདི་དག་ཁྱོད་ལ་ཡོད་དམ།

2025-03-20 08:59:18   |   506

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཁྱོད་ཀྱིས་ཤེས་སམ། རྣ་ཉན་རྒྱག་པ་དང་གཉིད་ཆག་པ། སྣབས་འབུད་པ། རྣ་ས་འདྲུ་བ་སོགས་ཀྱི་གོམས་གཤིས་འདི་དག་གིས་ཁྱོད་ཀྱི་རྣ་དབང་ལ་གནོད་པ་གཏོང་བཞིན་ཡོད་སྲིད་དེ། གཤམ་ནས་རེ་རེ་བཞིན་འཆད་པར་བྱ།

གཅིག རྣ་ས་འདྲུ་བ།

རྒྱུན་ལྡན་ལྟར་ན་རྣ་ཁུང་ནང་གི་རྣ་ས་ནི་མི་རྣམས་ཀྱིས་ཟ་མ་ལྡད་སྐབས་རང་བཞིན་གྱིས་ཕྱིར་ལྷུང་འགྲོ་བས། དམིགས་བསལ་གྱི་ཐེ་གཏོགས་མང་པོ་བྱེད་མི་དགོས། གལ་ཏེ་སེན་མོ་རིང་བོ་དང་སྲིང་ཐུར། རྣ་འདྲུ་ཡོ་ཆས་སོགས་སྤྱད་དེ་རྣ་ས་དྲུས་ན་ཉེན་ཁ་མི་ཉུང་བ་ཞིག་ཡོད་དེ།

1.ཤུགས་བཀོལ་རྒྱུ་མང་དྲགས་ན་རྣ་སྐྱི་བརྡོལ་ནས་ཉན་ནུས་མར་ཆག་སྲིད་ལ། ཐ་ན་རྣ་བའི་གཉན་ཚད་སློང་ཡང་སྲིད། 

2.བྱེད་ཐབས་མ་འགྲིག་ཚེ་རྣ་ས་དག་རྣ་བའི་གཏིང་རིམ་དུ་དེད་ནས། རྣ་ཁུང་བཅད་དེ་ཉན་ནུས་ཇེ་ཞན་དུ་འགྲོ་བ་དང་། རྣ་བའི་རྔ་སྐྱི་ལ་བཙིར་གནོན་ཐེབས་ཏེ་རྣ་འུར་བ་དང་མགོ་ཡུ་འཁོར་བ་སོགས་འབྱུང་སྲིད། 

3.གཙང་སྦྲ་ཞན་པའི་རྣ་འདྲུ་ཡོ་ཆས་དང་སེན་མོ་སོགས་ཀྱིས་རྣ་ས་དྲུས་ཚེ། རྣ་ཁུང་ནང་དུ་རྨ་ཁ་ཕྲན་བུ་གཏོད་སླ་ཞིང་། རྣ་ཁུང་ཕྱི་མར་སྨར་སྲིན་རེད་པའི་སྣང་ཚུལ་སྐྱེད་ཀྱང་སྲིད། 

4.རྣ་འདྲུ་ཡོ་ཆས་མཉམ་སྤྱོད་བྱས་ཚེ་ཕན་ཚུན་ལ་རྣ་ནད་བསྒོ་སྲིད་དེ། ཆེས་རྒྱུན་མཐོང་ལ་ནུ་ཏོག་དབྱིབས་ཀྱི་ཤ་འབུར་ནད་དུག་ལྟ་བུ་ཡོད་པ་དང་། དེས་རྣ་ཁུང་བར་མའི་ནུ་ཏོག་དབྱིབས་ཀྱི་ཤ་འབུར་ནད་སྐྱེད་སྲིད། 

5.དུས་རྒྱུན་རྣ་ཁུང་དྲུས་ཚེ་རྣ་ས་ཇེ་མང་དུ་འགྲོ་སྲིད་པ་དང་། རྣ་སའི་དབྱིབས་སྔར་གྱི་ལེབ་མོ་ནས་ཞིབ་བུར་བཏང་སྟེ། རྣ་ནང་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་ཞན་དུ་འགྱུར་སྲིད།

གཉིས། རྣ་ཉན་རྒྱག་པ།

དེང་སྐབས་ལས་ཚོགས་ལ་འགྲོ་མཁན་མང་པོ་རྣ་ཉན་དང་ཁ་འབྲལ་ཐབས་མེད་པ་ཆགས་འདུག་ལ། སྤྱི་སྤྱོད་རླངས་འཁོར་ལ་འདུག་པ་དང་ས་འོག་མེ་འཁོར་ལ་འདུག་པ་སོགས་འཛེར་སྒྲ་ཆེ་བའི་ཁོར་ཡུག་ཏུ་དེ་བས་ཀྱང་རྣ་ཉན་རྒྱག་པ་རེད། དུས་ཡུན་རིང་བོར་དེ་ལྟར་བྱས་ན་རྣ་དབང་ལ་གནོད་སྐྱོན་བཟོ་བ་ཡིན།

ཁྲོམ་རའི་ནང་དུ་རྣར་གཞུག་རྣ་ཉན་དང་འཛེར་སྒྲ་འགོག་པའི་རྣ་ཉན། རུས་བརྒྱུད་རྣ་ཉན་སོགས་རྣམ་པ་སྣ་ཚོགས་ཡོད་ལ། དེ་དག་ལས་ཁ་ཤས་རྣ་བར་གནོད་པ་མེད་པ་ལྟར་སྣང་རུང་། རྣ་ཉན་རིགས་གང་ཞིག་རྒྱག་ནའང“60-60-60”ཡི་རྩ་དོན་རྒྱུན་འཁྱོངས་བྱས་ཚེ། རྣ་དབང་ལ་གནོད་པ་ཐེབས་ཚད་ཇེ་དམའ་རུ་གཏོང་ཐུབ། “60-60-60”རྩ་དོན་ནི་སྒྲའི་མཐོ་དམའ་འམ་སྒྲ་ཚད་དེ་སྤྱིའི་སྒྲ་ཚད་ཀྱི60%བྱེད་པ་དང་རྣ་ཉན་རྒྱག་ཐེངས་རེར་སྐར་མ60ལས་མི་བརྒལ་བ། ཕྱི་རོལ་ཁོར་ཡུག་གི་སྒྲ་ཧྥུན་པེ60ལས་མི་བརྒལ་བ་བཅས་ཡིན།

གསུམ། སྣབས་འབུད་པ།

སྣབས་འབུད་སྟངས་མ་འགྲིག་ནའང་རྣ་དབང་ལ་གནོད་དེ། དུས་མཉམ་དུ་སྣའི་གཡས་གཡོན་གཉིས་ནས་ཤུགས་ཆེན་པོས་བཙུར་སྟེ་སྣབས་བུས་ན་རྣ་འུར་བ་དང་རྣ་འཚང་བ། ཉན་ནུས་ཇེ་ཞན་དུ་འགྲོ་བ་སོགས་བྱེད་ལ། ཚབས་ཆེ་ན་རྣ་བའི་གཉན་ཚད་སྐྱེད་ཀྱང་སྲིད།

ཡང་དག་པའི་སྣབས་འབུད་སྟངས་ནི་ལག་པའི་མཐེབ་ཆེན་གྱིས་སྣ་ཁུངས་གཞོགས་གཅིག་ཡང་མོར་མནན་རྗེས། སྣ་ཁུང་གཞོགས་གཅིག་གིས་ག་ལེར་ཤུགས་བཀོལ་ཏེ་དབུགས་ཕྱིར་འཕུད་པ་བརྒྱུད་སྣབས་འབུད་དགོས་ཤིང་། དེ་ལྟར་སྣ་ཁུང་གཡས་གཡོན་གཉིས་རེས་མོས་ངང་བྱས་ཆོག

བཞི། གཉིད་ཆག་པ།

དུས་ཡུན་རིང་བོར་གཉིད་ཆག་པ་དང་འཚོ་བར་ཆོས་ཉིད་མེད་པ་སོགས་ཀྱིས་ཀླད་པ་འཁྲུགས་པར་བྱས་ཏེ། རྣ་བར་ཁྲག་འདོན་སྤྲོད་ཀྱིས་མི་འདང་བར་འགྱུར་བ་དང་། དེས་རྣ་འུར་བ་དང་ཐོལ་བྱུང་རང་བཞིན་གྱི་རྣ་འོན་པའི་ཉེན་ཁ་སྐྱེད་སྲིད། དེ་བས། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ལུགས་མཐུན་གྱི་སྤྱོད་ལམ་དང་ཆོས་ཉིད་ལྡན་པའི་བཟའ་བཏུང་། འཚོ་བཅུད་དོ་མཉམ། ལུས་པོ་སྦྱོང་བརྡར་ལ་ཤུགས་སྣོན་པ་བཅས་གལ་ཆེ་ཞིང་། དེ་དག་གིས་ཚད་ངེས་ཅན་གྱི་སྟེང་ནས་ཐོལ་བྱུང་རང་བཞིན་གྱི་རྣ་འོན་པའི་ནད་འབྱུང་བའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ།


མཉམ་སྤྱོད།