དེ་རིང་ནི2025ལོའི་ཟླ05པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྙིང་གཟེར་ནད་དང་འབྲེལ་བའི་རྒྱུན་ཤེས་དྲི་བ་དྲིས་ལན།

2025-03-24 09:28:43   |   723

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཅི་ཞིག་ལ་སྙིང་གཟེར་ནད་ཟེར་རམ། 

སྙིང་གི་ངོས་སུ་སྙིང་ཤའི་ཕྲ་ཕུང་ལ་ཁྲག་མཁོ་སྤྲོད་བྱེད་པའི་འཕར་རྩ་ཁྱབ་ཡོད་ཅིང་། དེ་དག་གི་གི་མིང་ལ་པྲོག་དབྱིབས་འཕར་རྩ་ཟེར། ཚིལ་རྒྱུའི་བརྗེ་ཚབ་རྒྱུན་ལྡན་མིན་པ་དང་ཁྲག་ཤེད་མཐོ་བ། གཅིན་སྙི་ཟ་ཁུའི་ནད་སོགས་ཉེན་ཁའི་རྒྱུ་རྐྱེན་བྱུང་ཚེ། པྲོག་དབྱིབས་འཕར་རྩའི་ངོས་སུ་ཚིལ་རྒྱུ་བསགས་ནས་རྩ་ལམ་ཇེ་དོག་ཏུ་འགྱུར་བ་དང་། སྙིང་ཤར་ཁྲག་མཁོ་སྤྲོད་བྱེད་ཚད་ཇེ་ཉུང་དུ་སོང་སྟེ་སྙིང་ཤར་ཁྲག་ཆད་པའི་གནས་ཚུལ་འབྱུང་ངེས། འདི་ལ་པྲོག་དབྱིབས་འཕར་རྩའི་འཇམ་འདྲའི་སྲ་འགྱུར་རང་བཞིན་གྱི་སྙིང་ནད་ཟེར་ཞིང་། རྒྱུན་པར་སྙིང་གཟེར་ནད་ཅེས་འབོད། རྩ་ལམ་ཇེ་དོག་ཏུ་འགྱུར་བ་ལས་གཞན། ཁྲག་རྩ་རེང་འཁུམ་དང་པྲོག་དབྱིབས་འཕར་རྩའི་འཁོར་རྒྱུག་ནད་འགྱུར་གྱིས་ཀྱང་སྙིང་གཟེར་ནད་བསྐྱེད་སྲིད།

སྙིང་གཟེར་ནད་ལ་སྔ་དུས་ཀྱི་ནད་རྟགས་གང་དག་ཡོད་དམ། 

སྙིང་གཟེར་ནད་ཀྱི་ཆེས་དཔེ་མཚོན་ལྡན་པའི་ནད་རྟགས་ནི་སྙིང་ཁའམ་བྲང་རུས་ཀྱི་ལྟག་རྒྱབ་ན་བ་དེ་ཡིན་ལ། ན་ལུགས་ལ་རྒྱུན་པར་གཅུས་གཟེར་དང་བཙུར་གཟེར་རྒྱག་པ་མང་ཞིང་། ལྟོས་བཅས་ཀྱིས་དཔེ་མཚོན་མ་ཡིན་པའི་དབུགས་འགག་པའི་ཚོར་བ་ཞིག་སྙིང་ཁ་ནས་ཕྲག་པ་གཡས་གཡོན་ལ་རྒྱུག་པར་བྱེད། དཔེ་མཚོན་མ་ཡིན་པའི་ནད་རྟགས་གཞན་ལ་ད་དུང་སོ་ན་བ་དང་མིད་པ་མི་བདེ་བ་སོགས་ཀྱང་ཡོད་དེ། ན་གཟེར་ནི་དུས་རྒྱུན་འགུལ་སྐྱོད་བྱེད་སྐབས་དང་ཟ་མ་ཟོས་རྗེས། སེམས་ལ་འཚུབ་ཆ་ལངས་སྐབས། ཤུགས་བཀོལ་ཏེ་བཤང་རྩ་འདོར་སྐབས་སོགས་སུ་འབྱུང་ཞིང་། ན་ཡུན་སྤྱིར་བཏང་དུ་སྐར་མ15ལས་མི་བརྒལ། 

བརྟག་དཔྱད་གང་དག་བྱས་ན་སྙིང་གཟེར་ནད་ཡོད་མེད་ཤེས་ཐུབ་བམ། 

གཤམ་གྱི་བརྟག་དཔྱད་རིགས་འདི་གསུམ་བྱས་ན་སྙིང་གཟེར་ནད་ཡོད་མེད་ཤེས་ཐུབ་སྟེ།

གཅིག རྫས་འགྱུར་བརྟག་དཔྱད་དེ། ཁྲག་དང་གཅིན་པར་རྫས་འགྱུར་བརྟག་དཔྱད་བྱེད་པ། 

གཉིས། རྨ་མེད་བརྟག་དཔྱད་དེ། སྙིང་གི་གློག་རིས་དང་འགུལ་རྣམ་ཁྲག་ཤེད་བརྟག་དཔྱད། བྲང་ཁར་བརྙན་རིས་ལེན་པ། ཚད་བརྒལ་སྒྲ་རླབས་ལས་སྙིང་གི་ལྡིང་ཚད་ལ་བལྟ་བ་སོགས་སྙིང་གློག་ཟིན་འགོད་དང་བརྙན་རིས་བརྟག་དཔྱད་བྱ་དགོས། རྨ་མེད་བརྟག་དཔྱད་འདི་དག་ནི་ལུས་པོར་གནོད་འཚེ་མེད་པའི་བརྟག་དཔྱད་ཆུང་བའི་རིགས་ཡིན། 

གསུམ། རྨ་བཏོད་བརྟག་དཔྱད་དེ། པྲོག་རྩའི་གྲུབ་བརྙན་སོགས་ཀྱི་བརྟག་དཔྱད་འདིའི་རིགས་བྱེད་པར་ངེས་པར་དུ་རྨ་ཁ་གཏོད་དགོས་ཏེ། དཔེར་ན་ཁྲག་རྩ་བརྟོལ་བ་དང་སྦུ་གུ་གཏོང་བ་སོགས་ལྟ་བུའོ། 

སྙིང་གཟེར་ནད་པས་ཉིན་རྒྱུན་གྱི་ཟས་སྤྱོད་ཐད་མཉམ་འཇོག་གང་དག་བྱ་དགོས།

གཅིག ཤ་སྣག་ཟ་ཚད་ལ་ཚོད་འཛིན་པ། 

གཉིས། སྤྲི་དཀར་འདུས་ཚད་མཐོ་ཞིང་ཞག་ཚིལ་ཉུང་བའི་ཟ་མ་ཟ་བ། 

གསུམ། ཟ་མའི་རིགས་སྣ་ཕུན་སུམ་ཚོགས་པ་དང་སྔོ་ཚལ་མང་དུ་ཟ་བ། 

བཞི། ཟ་མ་ཟ་སྐབས་དལ་དགོས་ཤིང་། ཟས་ཐུན་རེར་ཕོ་བ་བརྒྱགས་དྲག་པ་བྱ་མི་རུང་། 

ལྔ། ཉིན་རེར་ཚྭ་ཁུ་བཟའ་ཚད་ཁེ5ཡི་མན་བྱེད་པ། 

དྲུག རྒྱུན་ཟས་ཀྱི་རིགས་ཉུང་ཟ་བྱས་ཏེ་འབྲུ་རིགས་རྩིང་པོ་དང་ཞོག་ཁོག་རིགས་ཀྱིས་ཚབ་བྱེད་པ། 

བདུན། ཚུལ་ལྡོག་ཚིལ་སྐྱུར་རིགས་ཟ་བར་ཚོད་འཛིན་པ་དང་ལས་སྣོན་བྱས་པའི་བཟའ་བཅའི་རིགས་ཉུང་ཟ་བྱེད་པ་བཅས་སོ།


མཉམ་སྤྱོད།