དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལུས་པོར་གཉན་ཚད་རྒྱས་དུས་ཟས་རིགས་འདི4ཉུང་ཙམ་བཟའ་དགོས།

2025-05-23 09:53:53   |   214

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


གཉན་ཚད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་མང་པོ་ཡོད་པ་དང་བཟའ་བཏུང་ནི་དེའི་ཁྲོད་ཀྱི་གལ་ཆེན་ཞིག་ཡིན། ཐེན་ཅིན་གྲོང་ཁྱེར་ལྟེ་བའི་སྨན་ཁང་དང་པོའི་འཚོ་བཅུད་ཚན་ཁག་གི་ཀྲུའུ་རིན་ཐན་ཀུའེ་ཅུན་གྱིས་བསྟན་དོན། གཉན་ཚད་ལ་སྐྱེད་པའི་ཟས་རིགས་ལ་གཙོ་བོ་གཤམ་གྱི་འདི་བཞི་ཡོད་པ་སྟེ། 

གཅིག ཞིབ་བཟོའི་ཐཱན་ཆུ་འདྲེས་འགྱུར་རྫས་འདུས་པའི་ཟས་རིགས་ཏེ། དཔེར་ན། འབྲས་དཀར་པོས་བཟོས་པའི་འབྲས་ཐུག་དང་བཏུང་བྱ་མངར་མོ། བག་ལེབ་མངར་མོ། སྤྲི་གོར་སོགས་ལྟ་བུ།

གཉིས། ལྡོག་ཚུལ་ཚིལ་སྐྱུར་ཅུང་མང་པོ་འདུས་པའི་ཟས་རིགས་ཏེ། དཔེར་ན། སྒོང་སེར་ཕའེ་དང་འོ་ཇ་མངར་མོ།  ཞོག་ཁོག་བསྲེགས་མ། བག་ལེབ། འཁྱགས་ཞོ། ཀ་ར་གོ་རེ་སོགས་ཀྱིས་ལུས་ནང་གི་གཉན་ཚད་འབྱུང་བ་དང་འཕེལ་བར་སྐུལ་སྤེལ་བྱེད་པ་ཡིན།  

གསུམ། ལས་སྣོན་ཤའི་ཐོན་རྫས་ཏེ། དཔེར་ན། ཤ་རྒྱུ་དང་ཕག་ཤ་བསྙལ་མ། ཕེ་ཀེན་ཤ་སོགས་ལྟ་བུ། 

བཞི། མགྱོགས་ཟས་དང་སྣུམ་བཙོས་བཟའ་བཅའི་ཟས་རིགས། དེ་མིན་དྲོད་ཚད་མཐོ་བའི་སྲེག་ཟས། ཐཱན་སྲེག་ཟས་བཅས་ཀྱིས་ཀྱང་གཉན་ཚད་སློང་བའི་དངོས་པོ་སྐྱེད་སྲིད།  


མཉམ་སྤྱོད།