དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་བདུད་རྩི་སྨན་ལུམས་ཟེར།

2025-05-30 09:58:59   |   35

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


བདུད་རྩི་ནི་བོད་ཀྱི་གཏམ་རྒྱུད་དང་སྦྱར་ནས་བཏགས་པའི་བདུད་ཅེས་ལུས་སྲོག་ལ་གནོད་པར་བྱེད་པའི་དུག་དང་ནད་ཀྱི་མིང་དང་། རྩི་ཞེས་དེ་འཇོམས་པར་བྱེད་པའི་གཉེན་པོ་སྨན་གྱི་དོན་ཡིན། བདུད་རྩི་ལྔ་ནི་ཤུག་ཚེར། བ་ལི། མཁན་དཀར། འོམ་བུ། མཚེ་བཅས་ལྔ་བོར་ཟེར། ལུམས་ཞེས་པ་རླན་པའི་དོན་ཏེ། དོན་ལ་བདུད་རྩི་ལྔའི་སྨན་རྫས་ཁྲམ་ཁྲོམ་བརྡུངས་ཏེ་བསྙལ་བ་སོགས་ལག་ལེན་གྱི་རིམ་པ་རྣམས་སོང་རྗེས་དེ་དག་བཅོས་ཏེ་དྲོ་གྲང་རན་པར་བྱས་རྗེས་ཆུ་དང་རླངས་པ་སོགས་ལ་བསྟེན་ནས་ནད་པར་གསོ་བཅོས་བྱེད་པའི་བཅོས་ཐབས་ཤིག་ལ་ཟེར། ལུམས་ལ་དབྱེ་ན་རང་བྱུང་ཆུ་ཚན་གྱི་ལུམས། ཆུ་ལུམས། རླངས་ལུམས། བཅིང་ལུམས། བྱེ་ལུམས་བཅས་ཡོད། ལག་ལེན་ཁྲོད་རིགས་གསུམ་དུ་དབྱེ། ཆུ་ལུམས། རླངས་ལུམས། བཅིང་ལུམས་བཅས་ཡིན། ལུམས་སྤྱིའི་ཕན་ཡོན་ནི་ལུས་སྤྱིའི་འདུ་བ་སྙོམས་ཤིང་ཚ་གྲང་ཆུ་སེར་བ་སྤུར་འདོན་པ། རླུང་འདུལ་བ། སྐྲངས་འཇོམས་པ། སྐམ་པོར་ཤ་རྒྱས་བྱེད་པ་སོགས་སོ། ཆུ་ལུམས་ཀྱི་འགྲམས་དུག་ཚད་རྙིང་བྱེར་ཞིང་ཞེན་པ་དང་། འབྲས་དང་རྨ་རྒན་སུར་ཡ་རྩ་ཅན་དང་། རེངས་འཁྲུམས་སྒུར་བོ་ཤ་སྐམ་འདོན་པར་བྱེད། བཅིང་ལུམས་ཚ་སེལ་གྲང་སེལ་རྣམ་པ་གཉིས། ཚ་སེལ་མགོ་ཆག་རྩ་བྱེར་ཚ་སྐྲངས་འཇོམས། རྩ་བྱེར་རྩ་དཀར་གཟའ་ཕོག་མཁལ་རྩ་འགྲམས་བྱེར་དང་། རྩ་འགྲམས་སྐངས་རེངས་ཚད་རྙོགས་བྱེར་བར་ཕན། གྲང་སེལ་ཡན་ལག་སྐྲངས་པ་རྣག་འགུགས་དང་། ཆུ་ལྷོག་གྲང་སྐྲངས། ཡན་ལག་ཆུ་སེར་སྐྱ་རྦབ་སྦོས་པ། རྨེན་འབྲས། རུས་ཏྲེམ་ཚབས་ནད། རུས་ཚིགས་གཟེར་བ། རླུང་སྐྲངས་བཅས་ལ་ཕན། རླངས་ལུམས་ཀྱིས་ཚ་རིངས་རླུང་ལྡན་འགྲམས་པའི་ཟུག་གཟེར་འཇོམས། ན་ཚོན་རྒས་པ་དང་ལུས་ཟུངས་ཞན་པའི་རྩ་དཀར་གྱི་ནད་དང་རུས་མཛེར། བསེར་བུ་གྲང་ལྷག་མི་བཟོད་པའི་ནད་ལ་ཕན།


མཉམ་སྤྱོད།