དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཆུ་སྒྲོས་སུ་ཆུ་ཐོར་འབྱུང་བ་ནི་ནད་དུག་གི་རྐྱེན་གྱིས་ཡིན་ཡང་སྲིད།

2025-06-11 10:25:50   |   78

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མི་ལ་ལར་མེ་ཁོག་ཟོས་ཚར་རྗེས་མིད་པ་ན་བ་དང་མཆུ་སྒྲོས་སུ་ཆུ་ཐོར་འབྱུང་བ། ཁ་ནང་རུལ་འགྱུར་སོགས་ཀྱི་གནས་ཚུལ་འབྱུང་སྲིད། མི་མང་པོས་དེ་ནི་མེ་དྲོད་རྒྱས་པ་ཡིན་པར་འདོད་དེ། ལུག་མིག་མེ་ཏོག་གི་ཇ་འཐུང་བའམ་ཡང་ན་མེ་དྲོད་གཅོག་སྨན་ཉུང་ཙམ་འཐུངས་ན་འགྲིག་པར་སྙམ། དོན་དངོས་སུ་དེ་འདྲ་ཡིན་ནམ་ཞེ་ན། 

དོན་དངོས་སུ། གལ་ཏེ་ནད་རྟགས་ནི་མཆུ་སྒྲོས་དམར་པོར་ཆགས་རྗེས། དེ་མ་ཐག་ཚོམ་འདུས་རང་བཞིན་གྱི་ཆུ་ཐོར་འབྱུང་ཞིང་། དེ་ནས་རིམ་བཞིན་གས་པ་དང་རུལ་བ། རྨ་ཤུལ་ཆགས་པ། རྨ་ཤུལ་འབྱི་བ་སོགས་འབྱུང་བ། ཁ་གདང་ཆེ་ན་ཁྲག་ཐོན་པ་དང་ཚ་མཆེད་པ། ཟུག་གཟེར་སྐྱེ་བ། ཟ་འཕྲུག་ལངས་པ་བཅས་འབྱུང་སྲིད། དེ་དག་ཕལ་ཆེ་བ་ཆུ་ཐོར་ནད་དུག་རྐྱང་བ་འགོས་པ་ལས་བྱུང་བ་ཡིན་ལ། མེ་ཁོག་དང་སིར་པན་ཟ་བ། ཆང་འཐུང་བ་སོགས་ཀྱིས་ཀྱང་སློང་སྲིད།

ཆུ་ཐོར་ནད་དུག་རྐྱང་བས་བསླངས་པའི་ཆུ་ཐོར་སྤྱིར་བཏང་དུ་གཟའ་འཁོར1ནས2ནང་རང་སོས་འབྱུང་ཐུབ། ཆ་ཤས་གསོ་བཅོས་ལ་ནད་དུག་འགོག་པ་དང་འགོས་ནད་སྔོན་འགོག སྐམ་པ། སྐུམ་པ་བཅས་གཙོ་བོ་ཡིན་པས། ཕྱི་ངོས་སུ་ཨ་ཞི་ལོ་ཝེ་ཧྲང་སོགས་བཀོལ་ཆོག མུ་མཐུད་དུ་འགོས་ན་མོ་ཕི་ལུའོ་ཞིན་བྱུག་སྨན་དང་ཧོན་པིན་ཧྲ་ཞིན་བྱུག་སྨན་བྱུག་ཆོག ཚབས་ཆེ་ན་སྨན་པའི་ངག་བཀོད་ལྟར་ནད་དུག་འགོག་པའི་སྨན་རྫས་འཐུང་དགོས། 

དྲན་སྐུལ་བྱ་དགོས་པ་ཞིག་ལ། ཆུ་ཐོར་རྐྱང་བའི་སྨན་བཅོས་ནི་དཀའ་མོ་ཞིག་མིན། འོན་ཀྱང་ཡང་དང་བསྐྱར་དུ་འབྱུང་སླ་བས། འགོག་ནུས་ཇེ་དམའ་རུ་སོང་ན་ནད་དུག་ཇེ་དྲག་ཏུ་འགྲོ་སྲིད། དེའི་ཕྱིར་ངལ་གསོ་ལེགས་པོ་དང་ལུས་པོ་སྦྱོང་བརྡར་བྱས་ཏེ། འགོག་ནུས་མཐོར་འདེགས་བཏང་སྟེ་ཆུ་ཐོར་སླར་འབྱུང་ཚད་ཇེ་དམའ་རུ་གཏོང་དགོས། དེ་མིན། ཆུ་ཐོར་ཡོད་པའི་སྐབས་སུ་འཕྲོད་བསྟེན་ལ་དོ་སྣང་བྱེད་པ་དང་། འོ་བྱེད་པར་འཛེམས་ཏེ་ནད་དུག་མི་མཆེད་པ་བྱ་དགོས། 


སྐབས་སྔོན་མ། ཅི་ཞིག་ལ་བདུད་རྩི་སྨན་ལུམས་ཟེར།
སྐབས་རྗེས་མ། མེད།
མཉམ་སྤྱོད།