དེ་རིང་ནི2025ལོའི་ཟླ08པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྡོག་བཞུར་རང་བཞིན་གྱི་མིད་པའི་གཉན་ཚད།

2025-08-13 14:32:59   |   45

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ལྡོག་བཞུར་རང་བཞིན་གྱི་མིད་པའི་གཉན་ཚད་ནི་ཕོ་བ་དང་། རྒྱུ་སོར་བཅུ་གཉིས་ནང་གི་དངོས་པོ་གྱེན་དུ་མིད་པའི་ནང་ལྡོག་སྟེ་མིད་པའི་འབྱར་སྐྱི་ལ་གཉན་ཚད་རྒྱས་པ་ཞིག་ཡིན། དེ་ཡང་རྒྱུ་རྐྱེན་མི་འདྲ་བས་བྱུང་སྟེ། རེད་པ་དང་། རྫས་འགྱུར་གྱི་དངོས་པོས་ཕོག་ཐུག་བཏང་བ། དངོས་ལུགས་རང་བཞིན་གྱིས་དམས་སྐྱོན་ཕོག་པ་དང་མིད་པའི་ནད་ལས་བྱུང་བ་བཅས་ཡོད།

ནད་རྟགས།

རྒྱུན་པར་ནད་པའི་བྲང་རུས་ཀྱི་རྒྱབ་ཏུ་ཚ་སྲེག་གཏོང་བ་འདྲ་བའི་མི་བདེ་བའི་ཚོར་སྣང་དང་ན་ཟུག་འབྱུང་བ་དང་། ན་ཟུག་དེ་ལྷེན་སྣའི་རྩེ་དང་སོག་པ། མཐོ་སའི་སྐེ་རྣ་སོགས་སུ་མངོན་པ་ཡིན། ན་ཟུག་གམ་འཚིག་པར་སྙམ་པ་ཕལ་ཆེར་ཟོས་རྗེས་སུ་འབྱུང་བ་དང་། ལྷག་པར་ལེབ་ཏུ་ཉལ་བ་དང་། ཡང་ན་རྐེད་པ་སྒུར་ཏེ་དངོས་པོ་ལེན་པའི་ཚུལ་ལ་འབྱུང་བ་ཡིན། གཉིད་མཐུག་པོར་ལོག་པའི་སྐབས་ཟིང་སྟེ་སློང་བ་ཡིན། ནད་པ་ཁ་ཤས་ལ་ཟས་མིད་དཀའ་བ་འབྱུང་བ་ཡིན།

གསོ་ཐབས། 

1 ཟས་བོངས་ཉུང་ངུ་ཐེངས་མང་བོར་ཟ་བ་དང་། སྣུམ་ཚིལ་གྱི་རིགས་ཟ་མི་རུང་། 

2 ཟོས་རྗེས་ལེབ་ཏུ་ཉལ་བ་དང་། ཡང་ན་མ་ཉལ་བའི་སྔོན་གྱི་དུས་ཚོད2ནས3ཚུན་ཆད་ལ་ཟོས་ཟ་བ་དང་། ཡང་ན་ཉལ་བའི་སྐབས་མལ་ཁྲིའི་འགྲམ་ལི་སྨི10ནས20ཡི་ཚད་ཇེ་མཐོར་འདེགས་མི་རུང་།

3 ཕོ་བདེ་ལེབ་མོ2ཉིན་གཅིག་ལ་ཐེངས3རེ་བསྟེན་ཆོག་པ་དང་། ཡང་ན་ཀ་ཆིན་མི་ག(甲氰咪胍)ལེབ་མོ2རེ་ཉིན་གཅིག་ལ་ཐེངས་གསུམ་རེ་དང་། ཡང་ན་ཕོ་བ་བདེ་འཇོག་ལེབ་མོ2རེ་ཉིན་གཅིག་ལ་ཐེངས3རེ་དང་། ཡང་ན་མོ་ཐི་ལམ(吗丁啉)ལེབ་མོ2ཉིན་གཅིག་ལ་ཐེངས3རེ་བསྟེན་ཆོག

4 གལ་ཏེ་ཁོང་ནད་ཀྱི་གསོ་ཐབས་ཀྱིས་ཕན་པ་མེད་པ་རྣམས་ནི་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་སྨན་པར་རེ་བ་ཞུས་ཏེ་རོགས་རམ་བྱེད་པ་དང་། གཤག་བཅོས་ཀྱིས་གསོ་བཅོས་བྱེད་པར་བསམ་བློ་གཏོང་དགོས།

5 བོད་ལུགས་གསོ་རིག་ལྟར་ན། སྤྱིར་སྨན་ལ་གར་ནག་བཅུ་པ་དང་གསེར་མདོག་ལྔ་པ། ཞི་ཏིག(ཞི་བྱེད་དྲུག་པ་དང་ཏིག་ཏ་བརྒྱད་པ་བསྲེས་པ)བོང་དཀར་བཅུ་གསུམ། ཟླ་བདུད་སོགས་རྒྱུན་སྤྱོད་སྨན་སྦྱོར་ཁག་གང་འཚམ་ལྟར་བསྟེན་དགོས།

6 ཟས་སྤྱོད་ཀྱིས་བཅོས་པ་ལ། ཚ་སྐྱུར་དང་ལྕི་ལ་སྣུམ་པའི་རིགས་སྤང་ནས། བ་མོ་དང་ར་མ། མཛོ་མོ་རྣམས་ཀྱི་མར་གསར་དང་ལུག་ཤ་གསར་པ་སོགས་གསར་འཇམ་འཇུ་སླ་བའི་རིགས་བསྟེན་པ་དང་། སྤྱོད་ལམ་ལ་རླན་གྲང་སར་འདུག་པ་དང་། རླུང་བསེར་གྱི་ནང་དུ་འགྲོ་བ་སོགས་སྤང་ནས་སྐམ་སའི་ཡུལ་དུ་ལུས་སྙོམས་པར་འདུག་དགོས། ཕྱི་ལུགས་གསོ་རིག་ལྟར་ན། སྒོ་ང་དང་ཤ་སྣག ཉ་ཤ བྱ་ཤ སྲན་ཐུད།(豆腐) འབྲས་ཁུ་དང་ནས་བཙོས་པའི་ཁུ་བ་དྲོ་འཇམ་སོགས་འཕྲོད་པས་བསྟེན་ན་ལེགས། ཤ་ཚོན་པོ་དང་རྩམ་པ། ཚན་མོའི་རིགས་གཏན་ནས་སྤང་། འཁྱགས་པ་དང་རྗེན་པ། བསིལ་ཟས་ཀྱི་རིགས་དང་། འོ་མ་དང་སྲན་ཁུ།(豆浆) ཀེའུ་དང་ལྕ་ཚལ།(芹菜) སྣུམ་བཙོས་ཀྱི་ཟས་རིགས། སྣུམ་ཆེ་བའི་ཟས། བཙོང་སྒོག ཤ་བསྙལ་མ། ཤ་ཚོན་པོ། མར། ཨ་རག སུར་པན་སོགས་མི་འཕྲོད་པས་གཟབ་དགོས།


མཉམ་སྤྱོད།