དེ་རིང་ནི2025ལོའི་ཟླ08པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལུས་ཚིལ་འཇལ་ཆས་ཀྱིས་ལུས་ཚིལ་འཇལ་ཐུབ་བམ།

2025-08-12 17:13:40   |   100

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ལུས་ཚིལ་འཇལ་ཆས་སྟེང་རྐང་རྗེན་དུ་ལངས་ཚེ། དེས་སྐད་ཅིག་ཙམ་དུ་ལུས་པོའི་ལྗིད་ཚད་དང་ལུས་ཚིལ་སོགས་ཀྱི་གཞི་གྲངས་འཇལ་ཐུབ་པར་མ་ཟད། ཤ་གནད་ཀྱི་ཚད་མི་འདང་བའི་དྲན་སྐུལ་ཡང་བྱེད་ཐུབ། དོན་དངོས་སུ་ལུས་ཚིལ་འཇལ་ཆས་ཀྱིས་ཚད་ལེན་བྱས་པའི་གཞི་གྲངས་ཡང་དག་ཡིན་ནམ། 

ལུས་ཚིལ་འཇལ་ཆས་ལ"སྐྱེ་དངོས་གློག་གེགས་དབྱེ་ཞིབ"ལག་རྩལ་བཀོལ་ཡོད་ཅིང་། འཇལ་ཆས་སྟེང་རྐང་རྗེན་དུ་ལངས་སྐབས། གློག་རྒྱུན་ཆུང་ཆུང་ཞིག་མི་ལུས་བརྒྱུད་དེ་ལུས་ཚིལ་འཇལ་བ་ཡིན། གློག་རྒྱུན་ནི་ཆུ་མང་ཞིང་གློག་འདྲེན་བཟང་བའི་ཤ་གནད་དང་འཕྲད་ན་བདེ་བླག་ངང་བརྒྱུད་ཐུབ་པ་དང་། གློག་འདྲེན་ཞན་པའི་ཚིལ་ཞག་ལ་འཕྲད་ན་འགག་པས། གློག་རྒྱུན་གྱི་བརྒྱུད་ཚད་ལ་གཞིགས་ནས་ལུས་ཚིལ་རྩིས་ཐུབ། 

1.webp.png

ཞོགས་པར་ཁོག་སྟོང་དང་གཅིན་བཏང་རྗེས། འཇལ་ཆས་སྟེང་རྐང་རྗེན་དང་རྐང་མཐིལ་རློན་པ། རྐང་གཉིས་སྙོམས་པོར་ལངས་པ། ལུས་པོ་གཡོ་འགུལ་མི་བྱེད་པ་སོགས་ཡིན་ན། གཞི་གྲངས་ཡང་དག་ཚད་ཅུང་མཐོ་བ་ཡིན། ལུས་རྩལ་གྱི་རྗེས་སམ་ཆུ་མང་བོ་འཐུངས་རྗེས། ལུས་ཚིལ་འཇལ་ན་དེ་འདྲ་ཡང་དག་མིན། གཞན་ཡང་ཤ་གནད་མང་བའི་མི་དང་སྦྲུམ་མ། རྒན་རྒོན་བཅས་ལ་ལུས་ཚིལ་འཇལ་སྐབས་ཧེ་བག་དེ་བས་ཆེ་བ་ཡིན།

2.webp.png


མཉམ་སྤྱོད།