དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲན་མའི་རིགས་དབྱར་ཁ་བཟས་ན་ལུས་ལ་ཕན་ཐོགས་ཆེ།

2025-08-01 11:44:22   |   39

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


འཇིག་རྟེན་གྱི་ཁ་དཔེར། "དབྱར་ཁའི་སྲན་མ་ཤ་ལས་ལྷག"ཅེས་ཟེར་སྲོལ་ཡོད་པ་མ་ཟད། སྲན་མའི་རིགས་ཀྱི་སྔོ་ཚལ་ལ་ཟས་ཅོག་སྟེང་གི"ནུས་པ་ཀུན་འཛོམས་སྔོ་ཚལ"ཞེས་སུ་འབོད་ཀྱི་ཡོད་པས། ནམ་དུས་དབྱར་ཁར་སྲན་མའི་རིགས་ཀྱི་སྔོ་ཚལ་མང་ཙམ་མཆོད་ན། ལུས་ཁམས་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད།

图片1.png

གཅིག སྲན་མའི་རིགས་ཀྱི་སྔོ་ཚལ་ལ་དགེ་མཚན་ཆེན་པོ་གསུམ་ལྡན་ཡོད།

1 བཟའ་བཅའི་ཚི་སྣ་མཐོ་བ།

སྲན་མའི་རིགས་ཀྱི་སྔོ་ཚལ་གྱི་བཟའ་བཅའི་ཚི་སྣ་འདུས་ཚད་སྔོ་ཚལ་གཞན་ལས་མཐོ་བ་ཡོད་པས། དེ་མང་ཙམ་ཟོས་ན་རྒྱུ་མར་སྲུང་སྐྱོབ་དང་། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན། ཁྲག་ཤེད་ཇེ་དམའ་རུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད། 

2 འཚོ་རྒྱུ་ཅཱ་མཐོ་བ།

ཤིང་འབྲས་ངང་ལག་ནང་འཚོ་རྒྱུ་ཅཱ་འདུས་ཚད་ཁེ100རེར་ཧའོ་ཁེ256 ཡིན་ཞིང་། དེ་དང་བསྡུར་ན་སྲན་རིགས་མི་འདྲ་བའི་ནང་དུ་འཚོ་རྒྱུ་ཅཱ་འདུས་ཚད་དེ་ལས་ཀྱང་མཐོ་བ་ཡོད། དཔེར་ན། མོན་སྲན་ནང་འཚོ་རྒྱུ་ཅཱ་འདུས་ཚད་ཁེ100རེར་ཧའོ་ཁེ196ཡིན་པ་དང་། ཚ་ཚད་ནི་ཁེ100རེར་སྟོང་ཁ24ལས་ཟིན་གྱི་མེད་པས། འཚོ་བཅུད་ཅཱ་ཡི་སྟུག་ཚད8.17ཡིན་པ་དེ་ངང་ལག་གི2.75ལས་ཧ་ཅང་གིས་མཐོ་བ་ཡོད་པ་རེད།

3 འཚོ་རྒྱུ་ཀལ་མཐོ་བ།

དཔེར་ན། སྤུ་སྲན་སོས་པའི་ནང་གི་འཚོ་བཅུད་ཀལ་གྱི་འདུས་ཚན་ནི་འོ་མ་ལས་མཐོ་བ་ཡོད་པ་དེས་རྒྱུ་མའི་བདེ་ཐང་ལ་སྐུལ་འདེད་དང་། ལུས་ཁམས་ཀྱི་གློག་འབྱེད་རྫས་དོ་སྙོམས་རྒྱུན་འཁྱོངས་བྱེད་པ། རུས་པའི་བདེ་ཐང་སྲུང་སྐྱོང་བཅས་ལ་ཕན་ནུས་གལ་ཆེན་ཐོན་གྱི་ཡོད་པ་མ་ཟད། དེའི་ནང་སྤྲི་དཀར་རྫས་འདུས་ཚད13.1%ཟིན་གྱི་ཡོད་པ་ཕག་ཤ་དང་ཉེ་ཞིང་། སྔོ་ཚལ་གཞན་དག་ལས་ལྡབ་ཀྱིས་མཐོ་བ་ཡོད་ལ། ད་དུང་ཨན་གཞི་སྐྱུར་གྱི་རིགས་མ་ལུས་པ་འདུས་ཡོད།

图片2.png

གཉིས། སྲན་མ་བཟའ་སྐབས་ངེས་པར་དུ་ཚོས་པོ་བཙོ་དགོས།

     སྲན་མའི་རིགས་ལ་འཚོ་བཅུད་རིན་ཐང་ཆེན་པོ་ལྡན་མོད། འོན་ཀྱང་ཞན་ཆ་ཞིག་ཡོད་པ་ནི་ཟས་དུག་ཕོག་སླ་པོ་ཡོད། ཟས་དུག་ཕོག་ན་སྐྱུག་མེར་ལང་བ་དང་། སྐྱུག་པ་སྐྱུགས་པ། གྲོད་པ་ན་བ། བཤལ་བ་སོགས་ཀྱི་ནད་རྟགས་ཐོན་སྲིད། དེས་ན། སྲན་མ་མ་བཟའ་སྔོན་དུ་ཚོས་པོ་བཙོ་དགོས། 

གསུམ། མི་འདི་དག་གིས་དབྱར་ཁ་སྲན་མ་ཟོས་ན་བཟང་།

1 རྔུལ་ཆུ་ཐོན་མང་བའི་མི།

གོང་དུ་སྨྲས་པ་ལྟར། སྲན་མའི་རིགས་ནི་འཚོ་བཅུད་ཅཱ་འདུས་ཚད་མང་བའི་ཟས་རིགས་ཤིག་ཡིན་པས། འོས་འཚམ་ཞིག་བཟས་ན། རྔུལ་ཆུ་མང་པོ་ཐོན་པའི་རྐྱེན་གྱིས་ལུས་ཁམས་ཀྱི་གློག་འབྱེད་རྫས་རྒྱུན་ལྡན་མིན་པ་དུས་ཐོག་ཏུ་སྙོམས་སྒྲིག་བྱེད་པར་ཕན་ཐོགས་ཡོད། 

དྲན་སྐུལ་ཞུ་རྒྱུ་ཞིག་ལ། མཁལ་ནད་ཡོད་པའི་ནད་པ་ཁྲག་ཅཱ་མཐོ་བའི་སྐབས་སུ་སྲན་རིགས་ཟ་བར་ཚོད་འཛིན་བྱེད་དགོས་ལ། སྲན་རིགས་མི་འཕྲོད་པའི་མི་ཚོགས་ཀྱིས་གང་ཐུབ་འཛེམ་དགོས། 

2 ཤ་ཉུང་ངུ་ལས་མ་བཟའ་མཁན།

གོང་དུ་སྨྲོས་པ་ལྟར། སྲན་མའི་རིགས་ལ་སྤྲི་དཀར་རྫས་ཕུན་སུམ་ཚོགས་པོ་འདུས་ཡོད་པ་མ་ཟད། ཨན་གཞི་སྐྱུར་གྱི་བསྡུར་ཚད་མིའི་ལུས་ཁམས་ཀྱི་དགོས་མཁོ་དང་མཐུན་པས། དཀར་ཟས་རིང་ལུགས་པ་དང་ཤ་ཉུང་ཉུང་ལས་མ་བཟའ་མཁན་གྱིས་བཟས་ན་ལུས་ལ་སྤྲི་དཀར་རྫས་ཀྱི་འཚོ་བཅུད་འཕེལ་བར་ཕན་ཐོགས་ཡོད།

图片3.png

3 བཤང་འགག་སླ་བའི་མི།

རིགས་གཅིག་མཁས་ཅན་གྱིས་སྲན་མའི་རིགས་ཀྱི་ཟས་རིགས་ལ་སྲན་ཆེན་དང་སྔོ་ཚལ་ཕྱོགས་གཉིས་ཀྱི་འཚོ་བཅུད་རིན་ཐང་ལྡན་པ་དང་། ལྷག་པར་དུ་དེའི་ནང་བཟའ་བཅའི་ཚི་སྣ་ཕུན་སུམ་ཚོགས་པོ་འདུས་ཡོད་པས། ཕོ་བ་དང་རྒྱུ་མའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་བཤང་འགག་སྔོན་འགོག་བྱེད་པ་སོགས་ལ་ཕན་ཐོགས་ཡོད་པར་སྨྲས། འོན་ཀྱང་། སྤུ་སྲན་དང་སྲན་མ་སོས་པ་སོགས་ལ་ཚི་སྣ་འདུས་ཚད་མཐོ་བས། རང་གི་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་ཚད་གཞི་རན་པོ་བྱེད་དགོས་པ་གལ་ཆེའོ།


སྐབས་སྔོན་མ། ཁ་ཧྥེ་ནག་པོ་འཐུངས་ན་ཚོ་བྱང་ཐུབ་བམ།
སྐབས་རྗེས་མ། མེད།
མཉམ་སྤྱོད།