དེ་རིང་ནི2025ལོའི་ཟླ07པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁ་ཧྥེ་ནག་པོ་འཐུངས་ན་ཚོ་བྱང་ཐུབ་བམ།

2025-07-28 10:43:21   |   41

རྩོམ་སྒྲིག  དོན་འགྲུབ་མཚོ།   ཡོང་ཁུངས།  མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཁ་ཧྥེ་རང་སྟེང་གི་ཚ་ཚད་ཧ་ཅང་དམའ་ཞིང་། ཁ་ཧྥེ་ནག་པོ་ཧའོ་ཧྲེན100ཡི་ཚ་ཚད་ལ་སྟོང་ཁ2ནས3ལས་མེད། ཚོ་བྱང་དུ་འཇུག་འདོད་པའི་མི་ཚོགས་ཀྱིས་འགུལ་སྐྱོད་མ་བྱས་པའི་སྔོན་གྱི་ཆུ་ཚོད་གཅིག་གི་ནང་དུ་ཁ་ཧྥེ་ནག་པོ་ཕོར་བ་གང་འཐུངས་ན། དབང་རྩའི་མ་ལག་གྲུང་སྐུལ་བྱས་ཏེ། ཨེར་ཇ་ཧྥུན་ཨན་དང་ནེ་ཧྥེ་ཐའེ་འབྱུང་བར་སྐུལ་སྤེལ་བྱེད་པ་དང་། ཤ་གནད་གྲུང་སྐུལ་དང་ངལ་དུབ་སེལ་བ། ན་བའི་ཚོར་བ་ཇེ་ཆུང་དུ་གཏོང་བ་བཅས་ཀྱི་ཕན་ནུས་ཐོན་ཏེ། དྲག་ཚད་མཐོ་བའི་འགུལ་སྐྱོད་ཀྱི་བཟོད་ཐུབ་རང་བཞིན་ཇེ་མཐོར་གཏོང་བ་ཡིན། དུས་མཚུངས་སུ་ཤ་གནད་ཀྱི་སྟོབས་ཤུགས་ཇེ་ཆེ། ཟུངས་ཁྲག་ནང་གི་ཚིལ་སྐྱུར་གྱི་བེད་སྤྱོད་བྱེད་ཚད་ཇེ་ཆེར་གཏོང་བ་ལས། ཚིལ་ཞག་དབྱེ་འབྱེད་ལ་སྐུལ་སྤེལ་བྱེད་པ་ཡིན

འོན་ཀྱང་འོ་སྣུམ་དང་ཀ་ར་བསྣན་ན། ཁ་ཧྥེ་དེ"ཚ་ཚད་འབར་མདེལ"དུ་གཏོང་སྲིད། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་འདོད་པའི་མི་ཡིས་རབ་ཡིན་ན་ཁ་ཧྥེ་ནག་པོ་ཁོ་ན་གདམ་དགོས། གལ་ཏེ་རོ་ཁ་བར་འདོད་ཚེ་འོ་མ་སྣོན་པ་ལས། ཀ་ར་སྣོན་མི་རུང་། ཕྱི་རོལ་ནས་ཁ་ཧྥེ་ཉོ་ན་གར་བཟོས་སམ་ཨ་རིའི་ལུགས་ཀྱི་ཁ་ཧྥེ་བདམས་ན་ལེགས། མའོ་ཁ་དང་ཀ་ར་མ་ཆི་ཏོ་སོགས་ལ་ཁྲོག་ལེ་དང་འོ་སྣུམ་སོགས་བསྣན་ཡོད་པས་ཚ་ཚད་ཅུང་མཐོ།


མཉམ་སྤྱོད།