དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཕྱི་བས་ཀྱང་བྱི་རིམས་མཆེད་པར་བྱེད་ཐུབ།

2025-07-23 11:14:31   |   185

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང་།


བྱི་རིམས་ཞེས་གླེང་ཡོང་མ་ཐག ཚང་མས་དེ་ནི་ཙི་གུ་ལས་མཆེད་པ་ཡིན་པར་འདོད། དོན་དངོས་སུ་རང་བྱུང་ཁམས་ཀྱི་སྲོག་ཆགས་མང་པོ་ལས་བྱི་རིམས་མཆེད་པར་བྱེད་ཐུབ། ལྷག་པར་དུ་བྱི་བའི་རིགས་དང་འཕྱི་བ་སོགས་སོ་མི་བརྗེ་བའི་སྲོག་ཆགས་ལས་མཆེད་པ་མང་།

གཅིག འཕྱི་བ་ཡིས་བྱི་རིམས་མཆེད་པར་བྱེད་ཐུབ།

འཕྱི་བ་ནི་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དུ་རྒྱུན་པར་མཐོང་ཐུབ་པའི་སོ་མི་བརྗེ་བའི་རིགས་ཀྱི་སྲོག་ཆགས་ཤིག་ཡིན། བལྟས་ཚོད་ཀྱིས་སྙིང་རྗེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ནའང་། དོན་དངོས་སུ་དེ་ནི་བྱི་རིམས་ཡེ་ཨེར་སིན་སྲིན་གྱི་རང་བྱུང་གནས་བདག་ཡིན། རང་རྒྱལ་གྱི་ནང་སོག་དང་ཞིན་ཅང་། ཀན་སུའུ། མཚོ་སྔོན། སི་ཁྲོན། བོད་ལྗོངས་སོགས་སུ་བྱི་རིམས་ཀྱི་རང་བྱུང་རིམས་ཁུངས་རྒྱ་ཁྱབ་ཏུ་ཡོད། འཕྱི་བ་ནི་རིམས་ཁུངས་དེ་དག་གི་གནས་བདག་སྲོག་ཆགས་གཙོ་བོ་ཡིན། དེར་བརྟེན། འཕྱི་བ་ཧ་ཅང་སྙིང་རྗེ་བོ་ཡོད་ནའང་། ཚང་མས་དེ་དང་འབྲེལ་འདྲིས་བྱེད་མི་རུང་ལ། དེའི་མཉམ་དུ་རྩེ་བ་ནི་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན།

གཉིས། མིའི་རིགས་ལ་ཐབས་ལམ་མང་པོ་བརྒྱུད་ནས་བྱི་རིམས་འགོ་ཐུབ།

བྱི་རིམས་ནི་གཙོ་བོ་ནད་སྨྱན་སྐྱེ་དངོས་ལ་བརྟེན་ནས་མཆེད་པ་དང་། ཐུག་རེག་བྱས་ནས་མཆེད་པ། མཆིལ་ཟེགས་ལས་མཆེད་པ་ཡིན།

རང་བྱུང་རིམས་ཁུངས་སུ་ནད་སྨྱན་སྐྱེ་དངོས་ལ་བརྟེན་ནས་མཆེད་པ་ནི་མཆེད་སྟངས་ཆེས་གཙོ་བོ་ཞིག་ཡིན། ལྗི་བ་ནི་བྱི་རིམས་མཆེད་པར་བྱེད་པའི་སྨྱན་དངོས་གཙོ་བོ་ཡིན་ཞིང་། འཕྱི་བའི་ལུས་སུ་ཡོད་པའི་ལྗི་བ་ལ་བྱི་རིམས་འབུ་ཕྲ་འགོས་རྗེས་མིར་སོ་བཏབ་ན་རིམས་ནད་འགོ་བ་ཡིན།

ཐུག་རེག་བྱས་ནས་མཆེད་པ་ཞེས་པ་ནི་མིས་རིམས་ནད་འགོས་པའི་འཕྱི་བ་དང་ཐུག་རེག་བྱེད་པའམ་བྱི་རིམས་ཕོག་པའི་ནད་པའི་སྙིགས་དངོས་པོའམ་ཟགས་ཐོན་དངོས་པོ་ལ་རེག་ན། ནད་སྲིན་སྐྱི་མོའི་ཕྱི་ངོས་ཀྱི་རྨ་ཁའམ་འབྱར་སྐྱི་བརྒྱུད་ནས་འགོ་བ་ཡིན།

དེ་མིན། གློ་བའི་བྱི་རིམས་ནད་པའི་དབུགས་ལམ་གྱི་ཟགས་ཐོན་དངོས་པོའི་ནང་དུ་བྱི་རིམས་ནད་སྲིན་འབོར་ཆེན་ཡོད། ནད་པས་དབུགས་འབྱིན་རྔུབ་དང་གློ་ལུ་བྱེད་སྐབས་ཕྱིར་ཕུད་པའི་ནད་སྲིན་ལས་མཆིལ་ཟགས་གྲུབ་ཅིང་། སྐབས་དེར་མི་གཞན་གྱིས་བརྔུབས་ན་བྱི་རིམས་འགོ་བ་ཡིན།

གསུམ། གནས་སྐོར་ལ་འགྲོ་སྐབས་འགོག་ཟོན་ཇི་ལྟར་བྱ་དགོས།

གནས་སྐོར་འགྲོ་སྐབས། འཕྱི་བ་ལ་ཐུག་རེག་མི་བྱེད་པ་དང་། ལྗི་བ་ཡིས་སོ་འདེབས་པར་སྔོན་འགོག་བྱེད་པ། གང་འདོད་དུ་འཕྱི་བ་སོགས་ཀྱི་རི་སྐྱེས་སྲོག་ཆགས་མི་རྔོན་པ་བཅས་བྱ་དགོས།


མཉམ་སྤྱོད།