དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མྱུར་གཤིས་དྲེག་ནད་ལ་གྲང་ལུམས་འཇོག་དགོས།

2025-07-21 16:30:38   |   200

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ནད་པ་མང་པོས་དྲོད་ལུམས་ལག་ཕྱིས་སམ་ཡང་ན་ཆུ་དྲོན་མོ་སྤྱད་དེ་རྐང་བ་སྦངས་ན་ཁྲག་འཁྱག་གྲུང་ནུ་དང་དྲེག་ནད་ཀྱིས་བསླངས་པའི་ན་ཟུག་ཇེ་ཆུང་དུ་གཏོང་ཐུབ་པར་འདོད། དོན་དངོས་སུ་དེ་ནི་ནོར་འཁྲུལ་ཞིག་ཡིན་ཏེ། མྱུར་གཤིས་དྲེག་ནད་ན་སྐབས། དྲོད་ལུམས་ཀྱིས་ན་ཟུག་འཇོམས་མི་ཐུབ།

དེའི་རྒྱུ་མཚན་ནི། དྲེག་ནད་ན་སྐབས་ཚིགས་སྐྲངས་ཤིང་དམར་པོར་གྱུར་པའི་ཚ་ཟུག་ནི་གཉན་ཚད་ཀྱི་བར་རྫས་གློད་འགྲོལ་དང་ཁྲག་རྩ་ཕྲ་མོ་རྒྱ་བསྐྱེད་པའི་རྐྱེན་གྱིས་བཟོས་པ་རེད། དྲོད་ལུམས་ཀྱིས་ཆ་ཤས་ཀྱི་ཁྲག་རྩ་ཕྲ་མོ་ཇེ་ཆེར་འགྲོ་བ་དང་ནད་གཞི་ཇེ་སྡུག་ཏུ་གཏོང་སྲིད།

ཡང་དག་པའི་བྱེད་ཐབས་ནི་གྲང་ལུམས་ཡིན། གྲང་ལུམས་ཀྱིས་སྐྲངས་པ་དང་ན་ཟུག་ཐེབས་པའི་ཚིགས་སུ་ཆ་ཤས་ཀྱི་ཕུང་གྲུབ་ཨེན་ཕྱིར་གཏོང་བྱེད་ཚད་ཇེ་ཉུང་དང་ཇེ་ཆུང་དུ་གཏོང་ཐུབ་པ་དང་། ཕུང་གྲུབ་ཀྱི་ན་ཟུག་ཐེབས་པའི་ཚོར་སྐྱེན་རང་བཞིན་ཇེ་ཆུང་དུ་གཏོང་ཐུབ། ཆ་ཤས་ཀྱི་ཁྲག་རྩ་འཁུམ་འདུ་དང་ཁྲག་རྒྱུན་ཇེ་ཉུང་དུ་བཏང་སྟེ། སྐྲངས་པ་དང་ན་ཟུག་ཐེབས་པའི་ཚིགས་ཀྱི་མཐའ་འཁོར་གྱི་ཕུང་གྲུབ་སྐྲངས་པ་ཇེ་ཆུང་དུ་གཏོང་ཐུབ་ལ། ཁྲག་རྩའི་ནང་ལྤགས་ཕྲ་ཕུང་གི་ནུས་པ་དང་ཁྲག་དབལ་ཆགས་པ་ཇེ་ཉུང་དུ་གཏོང་བ། དབྱང་རང་གྲུབ་གཞི་རྒྱུ་གློད་འགྲོལ་ཇེ་ཉུང་དུ་གཏོང་ཐུབ།

图片1.png


མཉམ་སྤྱོད།