དེ་རིང་ནི2025ལོའི་ཟླ08པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཉིད་བཅག་བྱས་ན་གཅིན་སྙི་ཟ་ཁུའི་ནད་དང་ཚོ་ཆེ་བའི་ཉེན་ཁ་ཇེ་ཆེར་འགྲོ།

2025-08-19 15:48:51   |   14

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་བཙུགས་སློབ་ཆེན་དང་ཞི་བདེ་རྒྱ་མཚོའི་ནུབ་བྱང་རྒྱལ་ཁབ་ཚོད་ལྟ་ཁང་གི་ཚན་རིག་པས་སྣེ་ཁྲིད་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། གཉིད་བཅག་དང་མཚན་ལས་བྱས་ན་མིའི་ལུས་སྟེང་གི་ཁྲག་མངར་སྙོམ་སྒྲིག་དང་རྙིང་ཚབ་གསར་བརྗེ། གཉན་ཚད་སོགས་དང་འབྲེལ་བའི་སྤྲི་དཀར་རྫས་ཀྱི་ཚིགས་འགྲོས་འཁྲུགས་ནས་དལ་བའི་རང་བཞིན་གྱི་བརྗེ་ཚབ་ནད་འབྱུང་བར་སྐུལ་འདེད་གཏོང་ལ། ཤེས་རྟོགས་འདིས་གཉིད་བཅག་བྱས་ན་གཅིན་སྙི་ཟ་ཁུའི་ནད་དང་ཚོ་ཆེ་བ། རྙིང་ཚབ་གསར་བརྗེ་གཞན་པ་འཁྲུགས་པའི་ནད་འབྱུང་སླ་བར་ཁུངས་སྣེ་གསར་བ་འདོན་སྤྲོད་བྱས་པ་རེད།

ཞིབ་འཇུག་གསར་ཤོས་ནང་དུ། ཞུགས་མཁན་རྣམས་ཚོ་ཆུང་གཉིས་སུ་བགོས་ནས་ཉིན་རེས་དང་མཚན་ཐུན་ཉིན་གསུམ་གྱི་ལད་ཟློས་བྱས། དེ་ནས་ཕྱི་རོལ་གྱི་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག་ཞིབ་འཇུག་མི་སྣས་ཁོ་ཚོའི་ནང་ཁུལ་གྱི་སྐྱེ་དངོས་ཚིགས་འགྲོས་ཚད་འཇལ་བྱས། དུས་བཅད་ལྟར་ཁྲག་གི་མ་དཔེ་བླངས་ནས་དབྱེ་ཞིབ་བྱས་པ་བརྒྱུད། ཞིབ་འཇུག་མི་སྣས་ཁྲག་གི་རིམས་ཐར་ཕྲ་ཕུང་ཁྲོད་བྱུང་བའི་སྤྲི་དཀར་རྫས་གསལ་འབྱེད་བྱས་ཤིང་། ཞིབ་འཇུག་ལས་མངོན་པར། ཉིན་ལས་ནང་ཞུགས་མཁན་དང་བསྡུར་ན་ཉིན་རེས་ནང་ཞུགས་མཁན་གྱི་ལུས་པོའི་ནང་གི་སྤྲི་དཀར་རྫས་ཀྱི་ཚིགས་འགྲོས་མང་ཆེ་བར་འགྱུར་ལྡོག་མངོན་གསལ་བྱུང་ཡོད།

ཞིབ་འཇུག་མི་སྣས་ད་དུང་ཉིན་རེས་ནང་ཞུགས་མཁན་གྱི་རྒུན་འབྲུམ་མངར་ཆའི་ཚིགས་འགྲོས་ཕལ་ཆེར་ཡོངས་སུ་ཇེ་སྡུག་ཏུ་གྱུར་ནས་གཤེར་མའི་ཕུང་རྩིའི་ཐོན་སྐྱེད་དང་ཚོར་སྐྱེན་རང་བཞིན་དུས་མཉམ་མིན་པར་གྱུར་ཡོད་པ་ཤེས། གཤེར་མའི་ཕུང་རྩི་ནི་ཁྲག་མངར་གྱི་ཆུ་ཚད་རྒྱུན་ལྡན་གྱི་ཁྱབ་ཁོངས་སུ་རྒྱུན་འཁྱོངས་བྱེད་པའི་སྐུལ་རྩི་གལ་ཆེན་ཞིག་ཡིན། ཚིགས་འགྲོས་འཁྲུགས་པས་ཁྲག་མངར་གྱི་ཆུ་ཚད་རྒྱུན་ལྡན་མིན་པ་དང་། དེ་ནས་ཕྲ་ཕུང་དང་དབང་བོར་གནོད་པ་ཐེབས་ཏེ་ཡུན་རིང་ན་བདེ་ཐང་གི་ཉེན་ཁ་ཇེ་ཆེར་གཏོང་སྲིད།

ཞིབ་འཇུག་གསར་ཤོས་འདིའི་རྩོམ་པ་པོ་ཝ་ཧྲིང་ཐོན་ཀྲོའུ་བཙུགས་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཧན་སི•ཧྥན•ཏུང་ཨེན་གྱིས་ད་དུང་ཞིབ་འཇུག་དེ་བས་མང་པོ་བྱ་དགོས་མོད། འོན་ཀྱང་ད་ཡོད་ཀྱི་བདེན་དཔང་ལས་མི་ལུས་ཀྱི་ཚིགས་འགྲོས་འཁྲུགས་པ་དེ་ཉིན་གསུམ་གྱི་ནང་གསལ་བོར་མངོན་ཡོད། འདིས་གཅིན་སྙི་ཟ་ཁུའི་ནད་དང་ཚོ་ཆེ་བ་ཐོག་མའི་དུས་སུ་སྔོན་འགོག་ཐེ་གཏོགས་བྱས་ཆོག་པ་མཚོན་ལ། ཐེ་གཏོགས་འདིའི་རིགས་ཀྱིས་གཉིད་བཅག་བྱས་པ་ལས་སྙིང་ནད་དང་གྲིབ་ནད་བསྐྱེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་ཡང་བསྟན་ཡོད།


སྐབས་སྔོན་མ། མྱུར་གཤིས་གཤེར་རྨེན་ཚ་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།