དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟས་རིགས་བདེ་འཇགས་ཡིན་མིན་འཕྲལ་མར་ཤེས།

2025-08-22 08:51:31   |   30

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


བཟའ་བཅའི་བདེ་འཇགས་ནི་སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི་བརྗོད་གཞི་གཙོ་བོ་ཞིག་ཡིན། བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཆེད། རིག་ནུས་ཞིབ་དཔྱད་ཚད་ལེན་སྨྱུ་གུ་ཞིག་དུས་ཐོག་ཏུ་གསར་སྤེལ་བྱས་ཏེ། སྤྱི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱ་བར་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་དང་བྱེད་བཞིན་ཡོད།

图片1.png

རིག་ནུས་ཞིབ་དཔྱད་ཚད་ལེན་སྨྱུ་གུ་འདིས་སྤུས་ཚད་མཐོ་ཞིང་བརྗེ་རུང་བའི་ཚོར་འདྲེན་ཆས་བཀོལ་ཡོད་པ་དང་། དེའི་ནང་གི་སྦགས་བཙོག་དངོས་པོ་དང་སྤྱིའི་ཞུ་འབྱེད་སྲ་གཟུགས་ཀྱི་ཚོར་འདྲེན་ཆས་ལ་ལྕགས་རིགས་ཀྱི་འཕྲད་གནས6སྒྲིག་བཀོད་བྱས་ཡོད་པས། ཟས་རིགས་ཀྱི་གནས་མི་འདྲ་བའི་སྦགས་བཙོག་དངོས་པོའི་འདུས་ཚད་ལ་ཞིབ་དཔྱད་ཚད་ལེན་ཡང་དག་བྱེད་ཐུབ། སྨྱུ་གུ་འདིས་ཟས་རིགས་ཁྲོད་ཀྱི་ཟེ་སྐྱུར་ཚྭ་སོགས་གནོད་ལྡན་དངོས་པོའི་འདུས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱེད་ཐུབ་པར་མ་ཟད། ད་དུང་ཆུ་ནང་གི་སྤྱིའི་ཞུ་འབྱེད་སྲ་གཟུགས་ཀྱི་གར་ཚད་ཀྱང་ཚད་འཇལ་བྱས་ཏེ་ཡང་དག་པའི་སྒོ་ནས་ཆུའིpHགྲངས་ཐང་མངོན་ཐུབ།

རིག་ནུས་ཞིབ་དཔྱད་ཚད་ལེན་སྨྱུ་གུ་འདི་བཀོལ་ན་ཧ་ཅང་སྟབས་བདེ་ཡིན་ལ། སྤྱོད་མཁན་གྱིས་ཞིབ་དཔྱད་ཚད་ལེན་བྱ་དགོས་པའི་ཟས་རིགས་བདམས་རྗེས། སྨྱུ་གུ་དེའི་ནང་དུ་བཙུགས་ན་ཞིབ་དཔྱད་ཚད་ལེན་གྱི་འབྲས་བུ་མགྱོགས་མྱུར་ངང་ཐོབ་ཐུབ། ཞིབ་དཔྱད་ཚད་ལེན་གྱི་འབྲས་བུ་ནི་ཁ་དོག་མི་འདྲ་བའི་གློག་བརྡ་ལས་མངོན་པ་སྟེ། དཔེར་ན། གློག་བརྡ་ལྗང་ཁུ་བཀར་ན་ཟས་རིགས་བདེ་འཇགས་ཡིན་པ་མཚོན་ལ། གློག་བརྡ་སེར་པོ་བཀར་ན་སྤྱོད་མཁན་གྱིས་གཟབ་ནན་བྱ་དགོས་པ་མཚོན། གློག་བརྡ་དམར་པོ་བཀར་ན་ཟས་རིགས་དེ་ཟ་མི་འོས་པ་མཚོན་གྱིན་ཡོད། ཞིབ་དཔྱད་ཚད་ལེན་སྨྱུ་གུ་འདི་ལ་བརྗེ་རུང་བའི་འཚོལ་མདའ་སྤྱད་དེ། རིགས་མི་འདྲ་བའི་ཟས་རིགས་ལ་ཞིབ་དཔྱད་ཚད་ལེན་བྱེད་སྐབས། སྤྱོད་མཁན་གྱིས་བླང་བྱ་ལྟར་འཚོལ་མདའ་མི་འདྲ་བ་སྟབས་བདེའི་ངང་བརྗེས་ཆོག

图片2.jpg

རིག་ནུས་ཞིབ་དཔྱད་ཚད་ལེན་སྨྱུ་གུ་འདི་ད་དུང་རིག་ནུསLEDའཆར་ངོས་དང་རེག་ངོས་སྒྲིག་སྦྱོར་བྱས་ཡོད་པས། ཞིབ་དཔྱད་ཚད་ལེན་གྱི་འབྲས་བུ་ཐད་ཀར་གསལ་སྟོན་ཐུབ་པ་དང་། སྤྱོད་མཁན་གྱིས་མགྱོགས་མྱུར་ངང་གཞི་གྲངས་ཀློག་ཐུབ་པ་རེད། དེའི་ཕྱི་ཤུན་ནི་ཚོར་ཐལ་དམའ་བའི་ཟས་རིགས་རིམ་པའི་སྤོས་འགྱིག་གིས་བཟོས་ཡོད། རྒྱུ་ཆ་དེ་རིགས་ལ་ཕུལ་དུ་བྱུང་བའི་ཆུ་འགོག་ནུས་པ་ལྡན་པར་མ་ཟད། དུས་རྒྱུན་བརླན་གཤེར་གྱི་ཁོར་ཡུག་ཁྲོད་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་ཐུབ། བཀོལ་སྤྱོད་བྱེད་སྐབས་ཚོར་ཐལ་གྱི་འགྱུར་འབྱུང་མི་ཡོང་བ་དང་གནོད་ལྡན་དངོས་རྫས་དབྱེ་འབྱེད་མི་བྱེད་པ་བཀག་འགོག་བྱས་ཡོད་པས། སྤྱོད་མཁན་གྱིས་བདེ་འཇགས་ངང་བཀོལ་ཆོག


མཉམ་སྤྱོད།