དེ་རིང་ནི2025ལོའི་ཟླ10པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དྲ་ཐོག་ན་དར་ཁྱབ་ཆེ་བའི་ཚོ་བྱང་ཐབས་འདི་གསུམ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མི་འོས་པར་བསྟན་པ།

2025-10-22 09:39:49   |   33

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཤིང་། "ཟས་འགོག་པ"དང"ཐོན་སྐྱེ"བཟའ་བཏུང་། ཟ་མའི་ཚབ་བྱེད་སོགས་ཀྱི་ཚོ་བྱང་ཐབས་ནི་ཚན་རིག་དང་མཐུན་མིན་གྱི་གནད་དོན་ལ་དམིགས་ནས་པེ་ཅིན་སྨན་ཁང་གི་ཀྲུའུ་རེན་སྨན་པ་ཕན་ཆི་ཡིས་བསྟན་དོན། དྲ་ཐོག་ན་དར་ཁྱབ་ཆེ་བའི་ཚོ་བྱང་ཐབས་འདི་གསུམ་ལ་བདེ་ཐང་གི་ཉེན་ཁ་མི་ཉུང་བ་ཞིག་ཡོད་པ་སྟེ། དང་པོ། ཐོན་སྐྱེ་བཟའ་བཏུང་གི་ཚོ་བྱང་ཐབས་འོས་སྦྱོར་མི་བྱེད་པ། གཉིས་པ། འཚོ་བཅུད་ཕྱེ་མ་ཡིས་ཟ་མའི་ཚབ་བྱེད་པའི་ཚོ་བྱང་ཐབས་ཀྱང་འོས་སྦྱོར་མི་བྱེད་ཅིང་། དེའི་ནང་གི་ཟས་བཅུད་རྒྱུ་འཐུས་ཚང་མིན་པ་རེད། གསུམ་པ། ཟས་འགོག་པའི་ཚོ་བྱང་ཐབས་འོས་སྦྱོར་མི་བྱེད་པ་སྟེ། ཟས་འགོག་པ་ནི་ཐལ་དྲགས་པའི་བཟའ་བཏུང་གི་རྣམ་པ་ཞིག་ཡིན་པས། དུས་ཡུན་རིང་བོར་ཚོ་བྱང་ཐབས་དེ་རིགས་སྤྱད་ན། ཕོ་རྒྱུའི་བྱེད་ནུས་དོ་མཉམ་མེད་པར་འགྱུར་སྲིད་པར་མ་ཟད། མངོན་གསལ་གྱིས་འཚོ་བཅུད་རྒྱུ་ཆད་ཤོར་གྱི་རྣམ་པར་གནས་སྲིད།

གཅིག ཐོན་སྐྱེ་བཟའ་བཏུང་གི་ཚོ་བྱང་ཐབས།

ཐོན་སྐྱེ་ཞེས་པ་ནི་ཚིལ་ཞག་ཟད་གྲོན་བྱས་ནས་ནུས་ཚད་འབྱུང་བ་དང་། དུས་མཚུངས་སུ་ཐོན་སྐྱེ་གཟུགས་འབྱུང་བའི་བརྒྱུད་རིམ་ཞིག་ཡིན། ཐོན་སྐྱེ་བཟའ་བཏུང་ཞེས་པ་ནི་ཐཱན་ཆུ་འགྱུར་འདྲེས་སྦྱོར་རྫས་ཧ་ཅང་དམའ་བ་དང་། ཚིལ་མང་བ། སྤྲི་དཀར་རྫས་འབྲིང་ཚད་བཅས་ཀྱི་བཟའ་བཏུང་ལ་ཟེར། རྒྱུན་པར་ཐཱན་འགྱུར་འདྲེས་སྦྱོར་རྫས5%ནས10%ཡིན། ཐོན་སྐྱེ་ཚོ་བྱང་ཐབས་ཀྱི་ངོ་བོ་ནི་ལུས་པོའི་ཚིལ་ཟད་གྲོན་བྱས་ནས་ནུས་ཚད་འདོན་སྤྲོད་བྱས་ཏེ། ཚིལ་འགྲིབ་པ་དང་ཚོ་བྱང་བའི་དམིགས་ཡུལ་མངོན་འགྱུར་བྱུང་བ་ཞིག་ཡིན། དུས་ཡུན་ཐུང་ངུའི་ནང་དུ་ཐོན་སྐྱེ་བཟའ་བཏུང་གིས་དངོས་གནས་ལྗིད་ཚད་ཇེ་ཡང་དུ་གཏོང་ཐུབ་མོད། འོན་ཀྱང་ཡུན་རིང(ལོ1ནས2འགོར་བ)ལ་ཕན་འབྲས་མངོན་གསལ་མེད།

ཐོན་སྐྱེ་བཟའ་བཏུང་གིས་ལུས་པོར་གནོད་པ་བཟོ་སྲིད། དཔེར་ན། སྐྱུར་དུག་ཕོག་པ་དང་མཁལ་མའི་ཁུར་བོ་ཇེ་ལྕི་རུ་གཏོང་བ་སོགས་ཀྱི་ཤུགས་རྐྱེན་མང་བས་མི་ཚད། གལ་ཏེ་རྒྱུན་ལྡན་གྱི་བཟའ་བཏུང་སླར་གསོ་བྱས་ཚེ་ལུས་པོའི་ལྗིད་ཚད་ཡང་བསྐྱར་སྔར་གནས་སུ་ལོག་སླ་བ་ཡིན།

གཉིས། འཚོ་བཅུད་ཕྱེ་མས་ཟ་མའི་ཚབ་བྱེད་པའི་ཚོ་བྱང་ཐབས།

དུས་ཡུན་རིང་བོར་འཚོ་བཅུད་ཕྱེ་མས་ཟ་མའི་ཚབ་བྱས་ཚེ། དེའི་ནང་དུ་འཚོ་བཅུད་རྒྱུ་ཆ་མི་ཚང་བས། མི་མང་བོས་ལག་བསྟར་བྱས་རྗེས་ཟས་བཅུད་རྒྱུ་དང་གཏེར་རྒྱུ། འཚོ་བཅུད་རྒྱུ་བཅས་མི་འདང་བ་དང་། ཟུངས་ཁྲག་ཉམས་པ། རྒྱུ་མའི་ཕྲ་སྲིན་འཁྲུགས་པ་སོགས་འབྱུང་སྲིད་ལ། ཐ་ན་བདེ་ཐང་གི་གནད་དོན་ཁ་ཤས་ཀྱང་སློང་སྲིད།

གསུམ། ཟས་འགོག་པའི་ཚོ་བྱང་ཐབས།

"ཟས་འགོག་པ"ཅེས་པ་ནི་ཟ་མ་བཅད་ནས་གཤེར་གཟུགས་ཁོ་ན་བསྟེན་པ་སྟེ། ཉིན་རེར་གཤེར་གཟུགས་ཁོ་ན་བསྡུ་ལེན་བྱེད་པའམ་ཡང་ན་ལས་སྣོན་མ་བྱས་སྔོན་ལ་གཤེར་གཟུགས་ཡིན་པའི་ཟས་རིགས་ཟ་བ་དང་། ཉིན་རེར་ཏ་ཁཱ1200ལས་མི་བརྒལ་བ་ལྟར་བྱས་ནས་ཚོ་བྱང་བའི་དམིགས་ཡུལ་དུ་བསླེབས་པ་ལ་ཟེར། སྨན་པས་དྲན་སྐུལ་བྱས་པ་ལྟར་ན། ཚོ་བྱང་བ་ལ་མྱུར་ལམ་མེད། "ཟས་འགོག་པ"ནི་ཐལ་དྲགས་པའི་ཟ་མ་གཅོད་པའི་བྱེད་ཐབས་ཤིག་ཡིན། དེ་ལས་ཕོ་བའི་ཚ་ནད་དང་ཁྲག་མངར་དམའ་བ། སྐྲ་བྱི་བ། མཆིན་པའི་ནུས་པ་རྒྱུན་ལྡན་མིན་པ་སོགས་བདེ་ཐང་གི་གནད་དོན་སློང་སྲིད་པས། དེ་བསྟེན་མི་རུང་བའི་བསམ་འཆར་བཏོན་ཡོད།


མཉམ་སྤྱོད།