དེ་རིང་ནི2025ལོའི་ཟླ10པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཞང་འབྲས།

2025-10-23 09:16:44   |   49

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

གཞང་འབྲས་ནི་འཇུ་བྱེད་ལམ་དུ་བྱུང་བའི་རྒྱུན་མཐོང་གི་སྡུག་ཅན་སྐྲངས་འབྲས་ཤིག་ཡིན། བརྒྱ་ཆའི་བདུན་ཅུ་ནི་གཞང་སྟོད་ཀྱི་སུམ་ཆའི་གཅིག་དང་། གཞང་དང་གཉེ་མའི་འབྲེལ་མཚམས་ཀྱི་ཁ་འཁོར་དུ་བྱུང་བ་དང་། མང་ཆེ་བ་ནི་ལོ30ནས70ལ་འབྱུང་བ་ཡིན།

གཞང་འབྲས་ནི་ཕལ་ཆེར་རྒྱུ་རྐྱེན་འདི་དག་དང་འབྲེལ་བ་ཡོད་དེ། གཅིག་ནི་གཞང་གི་དལ་གཤིས་ཚ་ནད། དཔེར་ན་འདྲུལ་ཟགས་རང་བཞིན་གྱི་ལོང་ཚད་ལྟ་བུ། གཉིས་ནི་ཁྱིམ་བརྒྱུད་ཀྱི་ལོ་རྒྱུས་ཡོད་པ། གསུམ་ནི་ཟས་སྐོམ་གྱི་སྤྱོད་ཚུལ་མི་ལེགས་པའམ་ཡང་ན་འབྲས་སྐྱེད་ཀྱི་ཟས་སྐོམ་རིགས་ཟོས་པ་སོགས་ཡིན།

ནད་རྟགས།

རྩའི་ནང་དུ་ཁྲག་འདྲེས་པ་ནི་རྒྱུན་པར་གཞང་འབྲས་ཀྱི་ཐོག་མའི་ནད་རྟགས་ཤིག་ཡིན། ཁྲག་ཐོན་ཚད་མི་མཐུན། ཐོག་མའི་སྐབས་སུ་ཁྲག་ཉུང་ཙམ་རྩའི་ངོས་སུ་འགོས་པ་དང་། ཐ་མར་རྩའི་ནང་ཁྲག་འདྲེས་ཚད་ཇེ་མང་དུ་འགྲོ་བ་ཡིན། སྐྱག་པར་རྒྱུན་དུ་རྣག་གམ་བེ་སྣབས་འདྲེས་པ་དང་། ཁྱད་པར་གྱི་ཁྲག་དྲི་ངན་པ་བྲོ་བ་ཡིན། རིམ་བཞིན་ཚབས་ཡང་བའི་ལྟོ་བ་བཤལ་བ་དང་། མ་འཁྲུས་སེམས་པ་དང་། ལུས་པོ་ཇེ་ཡང་དུ་འགྲོ་བ་དང་། ཁྲག་མི་འདང་བ་སོགས་འབྱུང་བ་ཡིན།

སྔོན་འགོག

གཞང་འབྲས་ཀྱི་སྔོན་འགོག་ནི་ཤིན་ཏུ་གཙོ་ཆེ་བ་ཡིན།

1 རྒྱུན་པར་ཟས་སྐོམ་ལ་མཉམ་འཇོག་པ་དང་། སྔོ་ཚོད་དང་སིལ་ཏོག་གི་རིགས་མང་དུ་ཟ་དགོས།

2 རྒྱུན་པར་བཤང་བ་བདེ་བར་གཏོང་ཐུབ་པ་བྱེད་དགོས།

3 དུས་ལྟར་དལ་གཤིས་རྒྱུ་ལམ་ནད་རིགས་གསོ་བཅོས་བྱེད་དགོས།

4 ལོ30ཡན་གྱི་ནད་པར་རྒྱུ་རྐྱེན་མི་གསལ་བའི་རྩ་ལ་ཁྲག་གམ་རྣག་འདྲེས་པ་ཞིག་ཡིན་ཕྱིན། ངེས་པར་དུ་གཞང་འབྲས་བྱུང་བར་མཉམ་འཇོག་བྱ་དགོས་ཏེ། དགོས་ངེས་ཀྱི་བརྟག་དཔྱད་བྱེད་འོས།

གསོ་ཐབས།

1 གཞང་འབྲས་ཀྱི་ནད་ཐོག་མའི་དུས་སུ་གཤག་བཅོས་དང་འཕྲོབཅོས།(放疗) རྫས་འགྱུར་གསོ་ཐབས(化疗)ཀྱིས་གསོ་དགོས།

2 བོད་ལུགས་གསོ་རིག་ལྟར་ན། འབྲས་ནད་ཚང་མ་ཐོག་མ་ཉིད་ནས་ཤེས་རྟོགས་བྱེད་རྒྱུ་དང་། བཅོས་ཐུབ་པར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། ནད་ཐོག་མའི་དུས་སུ་ཁོང་སྨན་དུ་དངུལ་ཆུ་རིན་ཆེན་བཅོ་བརྒྱད་དང་སྤོས་ཁྱུང་། (སྤོས་དཀར་བཅུ་པ་དང་ཁྱུང་ལྔ་བསྲེས་པ) བཙོ་བཀྲུ་ཟླ་ཤེལ། འཆི་མེད་སྲིན་སོགས་འབྲེལ་ཡོད་སྨན་སྦྱོར་དང་། ཕོ་འབྲས་གསོ་བའི་སྐབས་ཀྱི་སྨན་སྦྱོར་སོགས་གང་འཚམ་ལྟར་བསྟེན་དགོས།


མཉམ་སྤྱོད།