དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱུན་དུ་ཤིང་ཏོག་ཟོས་ན་རྒས་པར་འགྱུར་སླའམ།

2025-10-30 09:43:34   |   25

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

མི་མང་ཆེ་བའི་བསམ་པར། ཤིང་ཏོག་ནི་བདེ་ཐང་གི་མཚོན་རྟགས་ཡིན། ནངས་ཇའི་སྐབས་སུ་ཟ་མའི་སྤོད་ཡ་ལ་མར་སིལ་བྱེད་པ་དང་། ཕྱི་ཇའི་སྐབས་སུ་འབྲི་ཏ་ས་འཛིན་དང་འབྲུ་སེའུ་སྔོན་པོས་ཞོ་ལ་རྒྱན་འདེབས་པ། དགོང་ཇ་འཐུངས་རྗེས་ཡང་བསྐྱར་ཞིམ་མངར་ཅན་གྱི་ཤིང་ཏོག་སྡེར་མ་གང་ཟ་བ་ཡིན། འདི་ལྟ་བུའི་བཟའ་བཅའི་སྡེབ་ཁ་སྦྱོར་བ་ནི་ཚད་ལྡན་གྱི་བདེ་ཐང་འཚོ་བ་ཞིག་ཡིན་པ་འདྲ།

图片1.jpg

ཡིན་ནའང་། ནོར་འཁྲུལ་ཅན་གྱི་ཤིང་ཏོག་ཟ་སྟངས་དེས་ཤིང་ཏོག་གི་འཚོ་བཅུད་འདོན་མི་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་རྒས་པ་དང་། ལུས་པོའི་ཁུར་བོ་ཇེ་ལྕིར་འགྲོ་བ། ཐ་ན་དལ་ནད་ཀྱང་སློང་སྲིད་པས། མ་གཞི་ལུས་ཁམས་གསོ་བར་བྱེད་པའི་ཤིང་ཏོག་ཀྱང"བདེ་ཐང་གི་མངོན་མེད་རྐྱེན་ངན"དུ་གྱུར།

ཚད་ལས་བརྒལ་ཏེ་ཟོས་ན་རྒས་པར་འགྱུར་སླའམ།

"ཤིང་ཏོག་མང་ཙམ་ཟོས་ན་འཚོ་རྒྱུ་ཁ་གསབ་བྱེད་ཐུབ"ཅེས་པ་ནི་མི་མང་བོའི་བག་ལ་ཉལ་བའི་བསམ་ཚུལ་ཡིན། ལྷག་པར་དུ་ལུས་ཟུངས་གསོ་བར་དོ་སྣང་བྱེད་པའམ་ཡང་ན་ཚོ་བྱང་འདོད་པའི་མི་ལ་མཚོན་ན། ཤིང་ཏོག་འབོར་ཆེན་གྱིས་ཟ་མའི་ཚབ་བྱེད་པ་ནི་ལུགས་མཐུན་གྱི་གདམ་ག་ཞིག་ཏུ་གྱུར་ཡོད། འོན་ཀྱང་དོན་དངོས་ཀྱིས་བདེན་དཔང་བྱས་པ་ལྟར་ན། ཤིང་ཏོག་ཚད་ལས་བརྒལ་བ་ཟོས་ན་འཚོ་བཅུད་དོ་སྙོམས་མི་ཡོང་བར་མ་ཟད། ལུས་པོ་རྒས་པ་ཇེ་མགྱོགས་སུ་གཏོང་བའི"མངོན་མེད་ཀྱི་སྐུལ་འདེད་མཁན"དུ་འགྱུར་སྲིད།

ཤིང་ཏོག་གི་གྲུབ་ཆ་གཙོ་བོ་ནི་ཆུ་དང་ཐཱན་ཆུ་འདྲེས་སྦྱོར་རྫས་ཡིན་ཞིང་། སྤྲི་དཀར་རྫས་དང་ཚིལ་ཞག་གི་འདུས་ཚད་ཧ་ཅང་དམའ། གལ་ཏེ་ཉིན་རེར་ཤིང་ཏོག་འབོར་ཆེན་ཟོས་ཏེ་ཡུན་རིང་འགོར་ན། དགོས་ངེས་ཚིལ་སྐྱུར་དང་ཚིལ་ཞུ་རང་བཞིན་གྱི་འཚོ་བཅུད། སྤུས་ལེགས་སྤྲི་དཀར་རྫས་བཅས་མི་འདང་བ་འབྱུང་སླ།

སྤྲི་དཀར་རྫས་ནི་ལུས་པོའི་ཕྲ་ཕུང་གྲུབ་པ་དང་ཕུང་གྲུབ་སླར་གསོ་བྱེད་པའི་དངོས་རྫས་གཙོ་བོ་ཡིན། དེ་ཉིད་དཀོན་པོར་གྱུར་ན་ཤ་གནད་ཉམས་པ་དང་། རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ། སྐྱི་པགས་རེངས་པར་འགྱུར་བ་བཅས་འབྱུང་། ཚིལ་ཞུ་རང་བཞིན་གྱི་འཚོ་བཅུད་དེ་ཚིལ་གྱི་ནང་དུ་ཞུ་ན་ད་གཟོད་བསྡུ་ལེན་བྱེད་ཐུབ། གལ་ཏེ་དུས་ཡུན་རིང་བོར་ཤ་རིགས་དང་ཤུན་མཁྲེགས་ཤིང་ཏོག་སོགས་ཚིལ་གྱི་འབྱུང་ཁུངས་ཉུང་ངུ་ལས་མ་ཟོས་ན། བསྡུ་ལེན་མ་འདང་བའི་དབང་གིས་སྐྱི་པགས་སྐམ་པ་དང་མིག་དབང་ཇེ་ཞན་དུ་འགྲོ་སྲིད། དགོས་ངེས་ཚིལ་སྐྱུར་ནི་ཕྲ་ཕུང་སྐྱི་མོའི"འཛུགས་སྐྲུན་རྒྱུ་ཆ"ཡིན་པས། དེ་མ་འདང་ན་སྐྱི་པགས་ཀྱི་སྲུང་ཡོལ་བྱེད་ནུས་ཉམས་ཞན་དུ་གྱུར་ནས། ཚོར་བ་སྐྱེན་པ་དང་ཤུ་བ་ཐོན་པ་སོགས་ཀྱི་ནད་རྟགས་བྱུང་སྟེ། བལྟས་ཚོད་ཀྱིས་ན་མཉམ་ཚོ་ལས་རྒས་པའི་ཚོར་བ་སྟེར།


མཉམ་སྤྱོད།