དེ་རིང་ནི2025ལོའི་ཟླ11པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཉིད་བཅག་ནས་ཚད་འདི་འདྲར་ཐོན་ཚེ། འཕྲལ་མར་ངལ་གསོ་བྱ་དགོས།

2025-11-19 09:12:58   |   24

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

གཉིད་བཅག་པ་ལས་བྱུང་བའི་སྙིང་ཁུངས་རང་བཞིན་གྱི་འཕྲལ་ཤི་ནི་གློ་བུར་དུ་བྱུང་བ་ཞིག་མིན་ཞིང་། དེ་ནི་ལུས་པོ་ལ་སྔ་མོ་ནས་ཉེན་བརྡ་ཡོད་ཀྱང་། རྒྱུན་པར་སྣང་མེད་དུ་བཞག་ཡོད་པ་ཞིག་ཡིན། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་པེ་ཅིན་ཨན་ཀྲེན་སྨན་ཁང་གི་ཀྲུའུ་རེན་སྨན་པ་གཞོན་པ་ཧུ་ཞའོ་ཁྲོན་གྱིས་གཉིད་བཅག་ན་ཐད་ཀར་འཕྲལ་ཤི་བྱེད་པའི་ངེས་པ་མེད་ཀྱང་། འཕྲལ་ཤི་བྱེད་པའི་ཉེན་ཁ་ཇེ་ཆེར་གཏོང་བ་དང་། གཤམ་གསལ་གྱི་གནས་ཚུལ་འདི་འདྲ་འབྱུང་ན། འཕྲལ་མར་ངལ་གསོ་བྱ་དགོས་ཞེས་བརྗོད་པ་སྟེ།

图片1.png

གཅིག བསྟུད་མར་ཉིན་གསུམ་གྱི་ཡན་ལ་ཉིན་རེའི་གཉིད་ཡུན་ཆུ་ཚོད་བཞི་ལས་མི་རྒལ་བ།

འདི་ནི་སྙིང་གི་ལྡིང་ཚད་དེ་འགྲོས་མགྱོགས་རྣམ་པའི་ཐོག་ནས་ཆུ་ཚོད72ཙམ་ལ་འཁོར་སྐྱོད་བྱས་པ་དང་འདྲ་ཞིང་། སྙིང་ལྡིང་ཐེངས་རེ་ལ་སྙིང་ཤའི་ཕྲ་ཕུང་ལ་འཁུམ་འདུ་དང་རྐྱོང་འབྱེད་ཀྱི་བརྡར་ཟད་ཐེངས་རེ་བརྒྱུད་དགོས། རྒྱུན་ལྡན་གྱི་གཉིད་ལོག་པའི་སྐབས། སྙིང་ཤའི་ཕྲ་ཕུང40%སླར་གསོ་བྱེད་ཐུབ། འོན་ཀྱང་། གཉིད་མི་འདང་བའི་སྐབས་སུ་སླར་གསོ་བྱེད་ཚད་ཕལ་ཆེར་མཚམས་བཞག་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། སྐབས་འདིའི་སྙིང་ཤའི་དབྱང་རླུང་ཟད་ཚད་ལྡབ3ལ་འཕར་བ་དང་། ཁྲག་རྩ་འཁུམ་པའི་སྲིད་ཕྱོད་དུས་རྒྱུན་ལས་ལྡབ5ལ་འཕར་བ་ཡིན།

གཉིས། མཚན་མོའི་གཉིད་བཅག་ནས་ཆུ་ཚོད24འགོར་རྗེས་གཉིད་གསབ་མི་བྱེད་པ།

བདེ་ཐང་གི་མི་དར་མ་ཞིག་མཚན་གང་བོར་གཉིད་བཅགས་རྗེས། ཁྲག་ཤེད་ཧའོ་སྨི་ཆུལ་ཀ15ནས20ཙམ་ལ་ཤུགས་དྲག་པོའི་ངང་འཕར་བ་དང་། ཁྲག་གི་ནུར་འབྱར་ཚད20%ཇེ་མཐོར་འགྲོ་བ་ཡིན། སྐབས་འདི་ལ། ཐ་ན་ཐོག་བརྩེགས་གཅིག་ལ་འགོས་ནའང་། སྙིང་གི་ཐེག་ཚད་ལས་རྒལ་སྲིད་པ་ཡིན།

གསུམ། ཡུན་རིང་ལ་ཉིན་རེའི་གཉིད་ཚད་ཆུ་ཚོད་དྲུག་ལས་མི་རྒལ་བ།

གལ་ཏེ། ཡུན་རིང་ལ་དེ་ལྟར་བྱེད་པ་དང་། དེའི་ཐོག་ལ་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་སོགས་དལ་བའི་རང་བཞིན་གྱི་ནད་རིགས་ཡོད་ན། ཁྲག་རྩའི་ཁྲ་རྡོག་འགྲུབ་པ་ཇེ་མགྱོགས་ལ་གཏོང་བ་ཡིན། ཚོ་ཆེ་བ་དང་ཐ་ཐག་འཐེན་པ། ཟ་མ་ལ་ཚྭ་དང་ཁ་ཚ་མང་བའི་རིགས་སྤྱོད་པ་བཅས་ཡིན་ན། ཁྲ་རྡོག་སྔར་བས་ཉམས་ཞན་དུ་གྱུར་ནས་གས་ཏེ་ཁྲག་རྩ་འགག་སྲིད་པ་ཡིན།

བཞི། མཚན་མོའི་གཉིད་བཅག་པར་མ་ཟད་ཉིན་མོར་གནོན་ཤུགས་ཆེ་བའི་ལས་ཀའམ་འགུལ་སྐྱོད་ཀྱང་བྱེད་པ།

གཉིད་བཅག་རྗེས། ཚོར་འགྲིམས་དབང་རྩ་རབ་ཏུ་རྒྱས་ཡོད་པས། གལ་ཏེ་དེའི་ཐོག་ལ་ལས་ཀའི་གནོན་ཤུགས་དང་སེམས་ཤུགས་ཉམས་པ། འགུལ་སྐྱོད་དྲག་པོ་སོགས་ཀྱིས་ཕོག་ཐུག་བཏང་ན། ཀ་འདོར་མཁལ་སྟེང་གཤེར་རྨེན་རྒྱུ་གློ་བུར་དུ་འཕར་སྲིད་པ་ཡིན།

དྲན་སྐུལ་ཆུང་ཆུང་།

གལ་ཏེ་གཉིད་བཅག་རྗེས་ཐང་ཆད་ནས་མལ་ལས་ལངས་དཀའ་ཞིང་། ཆུ་ཚོད12ལ་ངལ་གསོ་བྱས་ཀྱང་ཇེ་བཟང་དུ་མི་འགྲོ་བ་དང་། བྲང་ཁ་ལ་ན་ཟུག་སྐྱེས་པར་མ་ཟད། ཕྲག་པ་གཡོན་པ་དང་མ་ནེ་ལ་ཁྱབ་པ། རྔུལ་ཆུ་འདོན་པ་དང་རྐང་ལག་འཁྱགས་པ། དེའི་མཉམ་དུ་སྐྱུག་མེར་ལངས་པ། གོམ་པ་འགའ་སྤོས་རྗེས་དབུགས་འཚང་བ་སོགས་བྱུང་ན། སྙིང་རྩ་འགག་པའི་སྔ་ལྟས་ཡིན་སྲིད་པས། འཕྲལ་དུ་ཙོག་པུར་བསྡད་ནས་ངལ་གསོ་བྱས་ཏེ120ལ་ཁ་པར་གཏོང་དགོས།


མཉམ་སྤྱོད།