དེ་རིང་ནི2025ལོའི་ཟླ11པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕོ་བ་དང་རྒྱུ་སོར་བཅུ་གཉིས་རལ་ཟགས་ནད་ལས་ཁྲག་བྱུང་བ།

2025-11-18 09:00:31   |   19

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ཕོ་བ་དང་རྒྱུ་སོར་བཅུ་གཉིས་རལ་ཟགས་ཀྱི་ནད་ཕལ་ཆེར་ནི་ཕོ་སྐྱུར་དང་ཕོ་བའི་སྤྲིད་དཀར་རྩབས་ཀྱི་འཇུ་བྱེད་ནུས་པ་དང་འབྲེལ་བ་ཡོད། དེའི་ཕྱིར་འཇུ་བྱེད་རང་བཞིན་གྱི་རལ་ཟགས་ཀྱང་ཟེར། འཇུ་བྱེད་རང་བཞིན་གྱི་རལ་ཟགས་ནི་མིའི་རིགས་ཀྱི་རྒྱུན་མཐོང་གི་ནད་ཅིག་ཡིན། འོན་ཀྱང་ནད་ཀྱི་རྒྱུ་རྐྱེན་དང་བྱུང་རིམ་ཅུང་རྙོག་འཛིང་ཆེ་བས། ད་བར་དུ་གསལ་བཤད་ཡང་དག་ཅིག་བྱས་མེད། སྤྱི་བསྡོམས་སུ་བཤད་ན། ནད་འདི་ནི་ཕོ་བ་དང་རྒྱུ་སོར་བཅུ་གཉིས་ཀྱི་འབྱར་སྐྱི་ཆ་ཤས་གཏོར་བརླག(རལ་རགས་བསྐྱེད་པ)གི་རྒྱུ་ཆ་དང་འབྱར་སྐྱི་སྲུང་སྐྱོབ(འབྱར་སྐྱི་འགོག་རྒོལ)རྒྱུ་ཆའི་བར་དོ་མ་སྙོམས་པ་ལས་བྱུང་བ་དང་། གལ་སྲིད་གཏོར་བརླག་རྒྱུ་ཆ་ཆེར་རྒྱས་དང་ཡང་ན་སྲུང་སྐྱོབ་རྒྱུ་རྒུད་ཞན་དུ་གྱུར་པའི་སྐབས་སུ། རལ་ཟགས་བྱུང་བ་དང་། རལ་ཟགས་རང་བཞིན་གྱི་ཁྲག་བྱུང་བ་ནི་ཁྲག་སྐྱུགས་ཀྱི་རྒྱུན་མཐོང་རྒྱུ་རྐྱེན་ཞིག་ཡིན། རལ་རགས་ནད་ཀྱི་ཁྲག་བྱུང་ནི་རྒྱུན་པར་ནད་ཚུལ་ཇེ་སྡུག་ཏུ་འགྲོ་བའི་སྐབས་བྱུང་བ་ཡིན།

ནད་རྟགས།

1 ཕལ་ཆེར་བར་ཡུན་རིང་གི་དལ་གཤིས་དང་། འཁོར་ཡུན་རང་བཞིན། ཆོས་ཉིད་རང་བཞིན་གྱིས་གསུས་སྟོད་ན་བའི་ལོ་རྒྱུས་ཡོད།

2 ཚ་ཟུག་དང་སྦོས་ཟུག ཡང་ན་ལྐོགས་དུས་མི་བདེ་བར་སེམས་པ་ཡིན།

3 ཕལ་ཆེར་བ་ལྷེན་སྣ་འོག་དང་། གསུས་སྟོད་དུ་གནས་པ་དང་། ཁྱབ་རྒྱ་ལག་མཐིལ་གྱི་ཆེ་ཆུང་ཙམ་ཡིན།

4 རྒྱུ་སོར་བཅུ་གཉིས་རལ་ཟགས་ནད་ཀྱི་ན་ཟུག་ཆོས་ཉིད།

ནངས་པར་ཡར་ལངས་དུས་ལྟོ་སྟོང་དུ་མི་ན་བ་དང་། ནངས་ཟས་ཟོས་རྗེས་ཀྱི་དུས་ཚོད2ནས3(ཕལ་ཆེར་སྔ་དྲོའི་དུས་ཚོད9པ་ནས10པ)དུ་ན་འགོ་ཚུགས་པ་དང་། དེ་ནས་གོང་ཟས་ཟོས་ཀྱི་རྗེས་བདེ་རུ་འབབ་པ་དང་། ཕྱི་དྲོ་དུས་ཚོད3ནས4པའི་སྐབས་སུ་ཡང་བསྐྱར་ན་འགོ་ཚུགས་པ་དང་། དེ་ནས་དགུང་ཟས་ཀྱི་རྗེས་སུ་བདེ་རུ་འབབ་པ་ཡིན། ན་ཟུག་ཕལ་ཆེར་ནི་མ་ཉལ་བའི་སྔོན་དང་མཚན་གོང་དུ་འབྱུང་བ་མང་།

5 ཕོ་བའི་རལ་ཟགས་ཀྱི་ན་ཟུག་ཆོས་ཉིད།

ན་ཟུག་ཕལ་ཆེར་བ་ནི་ཟས་ཟོས་རྗེས་ཀྱི་དུས་ཚོད་ཕྱེད་ཀ་ནས་གཅིག་གི་བར་འབྱུང་བ་དང་། དེ་ནས་ཐེངས་རྗེས་མའི་ཟས་སྔོན་དུ་མེད་པར་འགྲོ་བ་ཡིན། མངོན་ཚུལ་ནི་ཟས་ཟོས་རྗེས་ན་བ་དང་། ལྟོགས་པའི་སྐབས་བདེ་རུ་འབབ་པ་ཡིན།

6 ཁྲག་འབྱུང་བ་ཕལ་ཆེར་ནི་དགུན་སྟོན་གྱི་དུས་གཉིས་ལ་འབྱུང་མང་བ་དང་། ནད་པ་མང་ཆེ་བ་ནི་ཟས་སྐོམ་མ་སྙོམས་པ་དང་། སེམས་ཁམས་འཚབ་ཆེ་བ་དང་། ལུས་ཤུགས་ངལ་ཆེ་བ་དང་། འཁྱགས་པའམ་ཡང་ན་རེད་པའི་རྗེས་གློ་བུར་དུ་ཁྲག་བྱུང་བ་ཡིན། ཨ་སི་ཕི་རིན་དང་སྐུལ་རྩི་སོགས་ཀྱི་སྨན་རྫས་ཀྱིས་རལ་ཟགས་རང་བཞིན་གྱི་ཁྲག་བྱུང་བསྐྱེད་པ་ཡིན།

གསོ་ཐབས། 

1 ཁྲག་མང་དུ་སྐྱུགས་ན་མྱུར་དུ་སྨན་ཁང་ལ་བསྐྱལ་ནས་བརྟག་བཅོས་བྱེད་དགོས།

2 ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་དགོས་པ་དང་། དུ་ཆང་ཚོད་འཛིན་པ་དང་། སེམས་རྒྱ་ཆེར་བསྐྱེད་བྱེད་དགོས། གལ་སྲིད་སེམས་ཁམས་འཚུབ་ཆ་བྱུང་བ་ཚོད་འཛིན་མ་ཐུབ་ཚེ། དགོས་ངེས་ཀྱི་སྐབས་སུ་ལྷིང་འཇགས་སོགས་སྨན་རྫས་བསྟེན་ཏེ། སེམས་ཁམས་བདེ

རུ་འབེབ་པ་དང་། སེམས་ཁྲལ་སེལ་བར་བྱེད་དགོས། འོན་ཀྱང་ཡུན་རིང་དུ་བསྟེན་མི་འོས། 

3 ཟས་ཀྱིས་བཅོས་པ་ལ། བ་ལང་གི་ཤ་གསར་བ། བ་མོ་དང་ར་མ། མཛོ་མོའི་ཞོ་དང་དར་བ་དང་། ཉ་ཤ་དང་ཕག་ཤ་སོགས་ཟས་སྐོམ་གྱི་ནུས་པ་ཡང་ལ་རྩུབ་ཅིང་བསིལ་དྲོད་སྙོམས་པའི་རིགས་འཕྲོད་པ་ཡིན། ཕྱི་ལུགས་གསོ་རིག་ལྟར་ན། སྲན་མའི་རིགས་དང་སིལ་ཏོག་སྲ་མོའི་རིགས།(硬果) སྨྱུག་མའི་མྱུ་གུ།(竹笋) ལྕ་ཚལ།(芹菜) ཀེའུ། སྲན་མྱུག(豆芽) ལ་ཕུག་རྗེན་པ། ཙོང་རིལ།(洋葱) སིལ་ཏོག་དང་ཐང་འབྲས།(菠萝)  སིལ་དམར། སིལ་སྐྱུ་རུ་ར།(山楂)  སྣུམ་བཙོས་ཀྱི་ཟས། སུར་པན་ཕྱེ་མ།(辣椒粉) ཁོ་ཧྥེ།(咖啡)  ཇ་གར་མོ། དུ་བ་དང་ཆང་མི་འཕྲོད་པས་སྤང་དགོས་ལ། འོ་མ་དང་སྲན་ཁུ།(豆浆) བྱ་སྒོང་། ཤ་གསར་བ། འབྲུ་ཕྱེ་ཞིབ་མོ་རྣམས་འཕྲོད་པ་ཡིན།

4 ཨ་སི་ཕི་ལིན་དང་སྐུལ་རྩིའི་རིགས་ཀྱི་སྨན་རྫས་བསྟེན་པར་མཉམ་འཇོག་བྱེད་དགོས།

5 སྨན་པའི་མངགས་བཅོལ་ལྟར་སྐྱུར་འགོག་སྨན་རྫས་དཔེར་ནH2ལེན་གཟུགས་བཀག་འགོག་སྦྱོར་བ་བསྟེན་པ་དང་། དོན་སྒོ་དུང་འཁྱིལ་ནར་སྲིན་གདགས་གཤིས་གྲུབ་པ་ལ་དེ་དང་མཉམ་དུ་སྲིན་འགོག་རྒྱུ་བསྟེན་དགོས།


མཉམ་སྤྱོད།