དེ་རིང་ནི2025ལོའི་ཟླ11པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དོན་ངོ་མར་བྱིས་པས་ཁྲོག་ལེ་ཟ་རུང་ངམ།

2025-11-17 14:50:20   |   30

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

ལྷད་མེད་ཚད་ཅུང་མཐོ་བའི་ཁྲོག་ལེའི་ནང་དུ་ཁོ་ཧྥེ་དབྱིན་ཉུང་ཤས་འདུས་ཡོད། དཔེར་ན། ལྷད་མེད་ཚད་ཅུང་མཐོ་བའི་ཁྲོག་ལེ་ནག་པོ(75%ནས85%ཡི་ཁོ་ཁོ་སྲ་གཟུགས་དངོས་པོ་འདུས)ཡི་ཁ་ཧྥེ་དབྱིན་གྱི་འདུས་ཚད་ནི་ཧ་ལམ་ཁེ100རེའི་ནང་དུ་ཧའོ་ཁེ80ཙམ་ཡོད། འོན་ཀྱང་། ཁྲོག་ལེ་ནག་པོ་རྡོག་གཅིག་ལ་ཁེ5ཡོད་པ་དང་། ཉིན་རེར་རྡོག་པོ་ཆུང་ཆུང4ཙམ་ཟོས་པའི་ཚད་ལྟར་བརྩིས་ན། ཁོ་ཧྥེ་དབྱིན་གྱི་སྡུད་ཚད་ནི་ཧ་ལམ་ཧའོ་ཁེ16ཡིན། ལོ13ལ་སོན་པ་དང་དེའི་ཡན་གྱི་གཞོན་ནུ་ལོ་ཆུང་ལ་མཚོན་ན། ཉིན་རེའི་ཁོ་ཧྥེ་དབྱིན་གྱི་སྡུད་ཚད་ནི་ལྗིད་ཚད་སྟོང་ཁེ་རེ་ལ་ཧའོ་ཁེ2.5ལས་བརྒལ་མི་རུང་བ་དང་། ལུས་པོའི་ལྗིད་ཚད་སྟོང་ཁེ6.4ཡན་གྱི་བྱིས་པས་ཉིན་རེ་ལ་ཁྲོག་ལེ་ཁེ20ཙམ་ཟོས་ན་བདེ་ཐང་དུ་གཏོགས་པ་ཡིན།

图片1.png

ཡིན་ནའང་། མཉམ་འཇོག་བྱ་དགོས་པ་ཞིག་ལ། རིན་གོང་དམའ་བའི་ཁྲོག་ལེ་ཁ་ཤས་ནང་དུ་ཁོ་ཁོ་ཚིལ་གྱི་ཚབ་མ་འདུས་སྲིད། ཁོ་ཁོ་ཚིལ་གྱི་ཚབ་མ་ནི་རྩི་ཤིང་སྣུམ་ཞུན་བརྡར་བྱས་ནས་གྲུབ་པ་ཡིན་ཞིང་། ཞུན་བརྡར་བྱེད་སྐབས། ལྡོག་ལུགས་ཚིལ་ཞག་སྐྱུར་འབྱུང་སྲིད་པས། ལུས་པོའི་བདེ་ཐང་ལ་གནོད་པ་ཡིན།

དོན་དངོས་སུ། ཁྲོག་ལེ་འོས་འཚམ་ཟོས་ན། གནོད་པ་མེད་པས་མི་ཚད། དེ་ལས་ལྡོག་སྟེ་ཕན་པ་མི་ཉུང་བ་ཡོད། ཁྲོག་ལེ་ཡིས་ང་ཚོར་མགྱོགས་མོའི་ངང་ནུས་ཚད་མཁོ་འདོན་བྱེད་ཐུབ་པ་སྟེ། ང་ཚོ་ཐང་ཆད་པའམ་ནུས་ཚད་ཟད་པའི་སྐབས་སུ། ཁྲོག་ལེ་རྡོག་པོ་ཞིག་ཟོས་ན། འཕྲལ་མར་ལུས་ཤུགས་སླར་གསོ་བྱེད་ཐུབ། གཞན་ད་དུང་སེམས་ཁྲལ་ཆེ་བའི་རྣམ་པ་ཞི་ལྷོད་དུ་གཏོང་ཐུབ་པ་སྟེ། མིའི་བྲེལ་འཚུབ་དང་སེམས་ཁྲལ་ཆེ་བའི་རྣམ་པ་ལྷོད་ལ་འབབ་ཏུ་འཇུག་པ་ཡིན། དེ་མིན། ཁྲོག་ལེ་ཡིས་ཕོ་རྒྱུའི་བྱེད་ནུས་ལ་སྐུལ་འདེད་བཏང་སྟེ་ཟས་འཇུ་བ་ལ་རོགས་རམ་བྱེད་ཐུབ།

དེར་བརྟེན། ང་ཚོས་དོན་དངོས་མིན་པའི་བཤད་ཡམས་ཁ་ཤས་ལ་རྐྱེན་བྱས་ཏེ་ཁྲོག་ལེ་རྩ་བ་ནས་དང་ལེན་མ་བྱས་ན་མི་འགྲིག ཁྲོག་ལེ་ཡི་ཁྱད་གཤིས་དང་ཡང་དག་པའི་ཟ་ཐབས་ལ་རྒྱུས་ལོན་བྱས་རྗེས། ང་ཚོས་འོས་འཚམ་ངང་ཁྲོག་ལེ་ལས་མཆེད་པའི་བྲོ་བ་ཞིམ་པོ་དང་ཕན་པ་ལོངས་སྤྱོད་བྱས་ཆོག


མཉམ་སྤྱོད།