དེ་རིང་ནི2025ལོའི་ཟླ11པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མིད་པ་དང་ཕོ་ཞབས་ཀྱི་སྡོད་རྩ་འཁྱོག་བརྐྱངས་རྡོལ་བ་ལས་ཁྲག་བྱུང་བ།

2025-11-14 08:36:24   |   16

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མིད་པ་དང་ཕོ་ཞབས་ཀྱི་སྡོད་རྩ་འཁྱོག་བརྐྱངས་རྡོལ་བ་ལས་ཁྲག་བྱུང་བ་ནི་ཕལ་ཆེར་དལ་གཤིས་མཆིན་ནད་ཀྱི་རྐྱེན་ལས་བྱུང་བ་དང་། མཆིན་པའི་ཁྲག་གི་འཁོར་རྒྱུག་ལ་བགེགས་བྱུང་སྟེ། མཆིན་པའི་རྩ་བོ་ཆེའི་གནོན་ཤུགས་ཇེ་མཐོར་སོང་བ་དང་། མིད་པ་དང་ཕོ་ཞབས་ཀྱི་སྡོད་རྩའི་ཟུར་ལག་འཁོར་རྒྱུན་ཁ་ཕྱེ་བ་ཡིན། གལ་ཏེ་མཆིན་པའི་རྩ་བོ་ཆེའི་གཤོན་ཤུགས་ཆེར་རྒྱས་པའི་སྐབས་སུ། མིད་པ་དང་ཕོ་ཞབས་ཀྱི་སྡོད་རྩ་འཁྱོག་བརྐྱངས་སུ་འགྲོ་བ་དང་། གལ་སྲིད་རྡོལ་ན་འཇུ་བྱེད་མ་ལག་ལས་ཁྲག་འབྱུང་བ་ཡིན།

ནད་རྟགས།

ནད་པར་དེ་སྔོན་མཆིན་ཚད་དང་། མཁྲིས་སེར། ཡང་ན་དལ་གཤིས་ཆང་བཅུད་དུག་ཕོག་གི་ལོ་རྒྱུས་ཡོད། བརྟག་དཔྱད་བྱས་ན་དུག་སྡོམ་རྨེན་རྟགས་དང་། མཆིན་མཐིལ། གསུས་སྐྱིའི་སྡོད་རྩ་འཁྱོག་བརྐྱངས་སོགས་ཀྱི་རྟགས་ཡོད་པ་ཡིན། སྐྱུགས་པའི་ཁྲག་མང་ཆེ་བ་ནི་དམར་ཞིང་དྭངས་ལ། བོངས་མང་བ་དང་། ལྷོག་ལྷོག་ཏུ་སྐྱུགས་པ་དང་། ནད་པ་འགའ་ཤས་ཀྱིས་གཏོར་འཕེན་གྱི་ཚུལ་དུ་སྐྱུགས་པ་ཡིན། ནད་པས་ཁྲག་མ་སྐྱུགས་པའི་སྔོན་དུ་མང་ཆེ་བར་གསུས་སྟོད་གང་ཞིང་རྒྱངས་པའི་སེམས་འབྱུང་བ་ཡིན། ནད་པ་ཁ་ཤས་ནི་ཁྲག་སྐྱུགས་པ་མང་བའི་རྐྱེན་གྱིས་ཧྲོ་ཁུ་དང་། ཡན་ལག་བཞི་གྲང་ཞིང་འཁྱགས་པ་དང་། གདོང་མདོག་སྐྱ་བོར་ལོག་པ། ཤེས་པ་ཟ་ཟི་རུ་འགྱུར་བ་ཡིན།

གསོ་ཐབས། 

1 གལ་ཏེ་མིད་པ་དང་ཕོ་ཞབས་ཀྱི་སྡོད་རྩ་འཁྱོག་བརྐྱངས་རྡོལ་བ་ལས་ཁྲག་བྱུང་བ་དང་འཕྲད་ན་མྱུར་དུ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་དགོས།

2 མཆིན་པ་སྲ་འགྱུར་དང་ཕོ་ཞབས་འཕར་རྩ་སྲ་འགྱུར་གྱི་ལོ་རྒྱུས་ཡོད་པ་ལ་ཁྲག་མི་འབྱུང་བའི་སྔོན་འགོག་གི་ཐབས་ཤེས་ནི། མལ་དུ་ཉལ་ནས་ངལ་གསོ་དགོས་པ་དང་། ཆང་མི་འཐུང་བ་དང་ཟས་གྱོང་བོ་དང་སྲ་མོ། ཡང་ན་ཕོག་ཐུག་རང་བཞིན་གྱི་ཟས་མི་ཟ་བ་དང་། ཚ་ཚད་མཐོ་བ་དང་། སྤྲི་དཀར་རྫས་མཐོ་བ་དང་། འཚོ་རྒྱུ་ཕུན་སུམ་ཚོགས་ལ་འཇུ་སླ་བའི་ཟས་རིགས་བསྟེན་ན་འོས།


མཉམ་སྤྱོད།