དེ་རིང་ནི2025ལོའི་ཟླ11པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོག་ལེ་ཟོས་ན་ཚོ་འབུད་པ་དང་སྙིང་རྩའི་ནད་སློང་སྲིད་དམ།

2025-11-13 15:35:55   |   21

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

ཁྲོག་ལེ་ཡི་ཐུན་མོང་མ་ཡིན་པའི་བྲོ་བ་ལ་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་པ་ཡིན། འོན་ཀྱང་། མི་མང་བོས་ཁྲོག་ལེ་ཟོས་ན་ཚོ་འབུད་པ་དང་སྙིང་རྩའི་ནད་སློང་བར་སྐྲག་ནས། དེ་ཉིད་དང་རྒྱང་ཐག་རིང་བར་བྱེད་བཞིན་ཡོད། དོན་དངོས་སུ་བཤད་ཚུལ་འདི་དག་ངོ་མ་ཡིན་ནམ།

图片1.png

གཅིག ཁྲོག་ལེ་ཟོས་ན་ཚོ་འབུད་པ་ཡིན་ནམ།

དོན་དངོས་སུ། ཁོ་ཁོ་སྲ་གཟུགས་དངོས་པོའི་འདུས་ཚད་ལ་གཞིགས་ན། ཁྲོག་ལེ་ནི་ཁྲོག་ལེ་ནག་པོ་དང་འོ་མའི་ཁྲོག་ལེ། ཁྲོག་ལེ་དཀར་པོ་སོགས་སུ་དབྱེ་ཆོག ཁོ་ཁོ་སྲ་གཟུགས་དངོས་པོའི་འདུས་ཚད་མཐོ་བ་ནས་དམའ་བའི་བར་དུ་བསྒྲིགས་ཡོད་པ་དང་། མངར་ཆའི་འདུས་ཚད་རིམ་བཞིན་ཇེ་མཐོར་འགྲོ་བ་དང་བྲོ་བ་ཡང་ཇེ་མངར་ནས་ཇེ་མངར་དུ་འགྱུར་སྲིད། ལྷད་མེད་ཚད་ཇི་ལྟར་མཐོ་བའི་ཁྲོག་ལེ་ཡི་ཚོ་འབུད་པའི་ཉེན་ཁ་དེ་ཙམ་གྱིས་དམའ། ཁྲོག་ལེ་ཡི་ཚ་ཚད་ཅུང་མཐོ་ནའང་། དེ་ཉིད་ཟ་ཚད་ལ་ཚོད་འཛིན་ལེགས་པོ་བྱས་ན། ཚོ་འབུད་པར་སེམས་ཁུར་བྱ་མི་དགོས། ཟོང་རྟགས་མི་འདྲ་བ་དང་ལྷད་མེད་ཚད་མི་འདྲ་བའི་ཁྲོག་ལེའི་ཐོན་རྫས་ལ་མངར་ཆའི་འདུས་ཚད་ཀྱི་ཁྱད་པར་ཅུང་ཆེ་བས། ཁྲོག་ལེའི་རིགས་ཉོ་སྐབས། རྒྱུ་ཆ་སྡེབ་སྦྱོར་རེའུ་མིག་དང་འཚོ་བཅུད་གྲུབ་ཆའི་རེའུ་མིག་ནང་གི་ཐཱན་འདྲེས་རྫས་ཀྱི་འདུས་ཚད་ལ་བལྟ་དགོས།

གཉིས། ཁྲོག་ལེ་ཡིས་སྙིང་རྩའི་ནད་སློང་སྲིད་དམ།

ཁྲོག་ལེ་ཡི་རྒྱུ་ཆ་ཁོ་ཁོ་སྲན་མའི་ནང་དུ། ཀུད་ཨན་སྐྱུར་དང་ག་ཨན་སྐྱུར། བཅུད་ཨན་སྐྱུར་སོགས་ཨན་གཞི་སྐྱུར་དང་སྤྲི་དཀར་རྫས་ཀྱི་རིགས་མང་བོ་འདུས་པར་མ་ཟད། ད་དུངBརིགས་འཚོ་བཅུད་དང་འཚོ་བཅུདE། ཀལ། མཱེ། ལིན། སེ་སོགས་ཀྱི་འཚོ་བཅུད་རྒྱུ་ཡང་ཡོད། ཁོ་ཁོ་ཚིལ་གྱི་ནང་དུ་ཚད་མ་ལོངས་པའི་ཚིལ་ཞག་སྐྱུར་ངེས་ཅན་ཞིག་འདུས་པ་སྟེ། དཔེར་ན་སྣུམ་སྐྱུར་སོགས་ཡོད་པས། སྙིང་རྩའི་བདེ་ཐང་ལ་ཕན་པ་ཡིན། ཁྲོག་ལེ་ནག་པོའི་ནང་དུ། ད་དུང་ཐོན་སེར་རིགས་དང་ཧྥུན་སྐྱུར། ཙན་ཕྲུན་སོགས་ཕན་ལྡན་གྲུབ་ཆ་ཡོད་པས། ཚད་ངེས་ཅན་ཞིག་གི་ཐོག་ནས་མི་ལུས་ཀྱི་དབྱང་འགྱུར་སྐུལ་བསྟུན་ཆུ་ཚད་དང་མཁྲིས་རྒྱུ་གཤེར་རྩིའི་ཆུ་ཚད་ཇེ་དམའ་རུ་བཏང་སྟེ། རིམས་འགོག་ནུས་པ་ཇེ་དྲག་དང་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ། དེར་བརྟེན། ལྷད་མེད་ཚད་ཅུང་མཐོ་བའི་ཁྲོག་ལེ་འོས་འཚམ་ཟོས་ན། སྙིང་རྩའི་ནད་སློང་མི་སྲིད་པར་མ་ཟད། ཐ་ན་ནད་ཕོག་པའི་ཉེན་ཁ་ཡང་ཇེ་ཆུང་དུ་གཏོང་ཐུབ།


སྐབས་སྔོན་མ། རྒྱུ་འབུའི་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།